རྨ་ཆེན་རྫོང་གི་འཁོར་སྐྱོད་ལྟ་ཞིབ་པས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ཐད་རམ་འདེགས་བྱས།
2025.05.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས14ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ཏང་ཨུའི་སྤྱི་ཚོགས་བྱ་བའི་པུའུ་ཡིས་རྨ་ཆེན་རྫོང་གི་སྐོར་སྐྱོད་ལྟ་ཞིབ་པ་གདན་ཞུ་ལས་བསྐོ་བྱེད་པའི་མཛད་སྒོ་བསྡུས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གདན་ཞུ་བྱ་བར་རྫོང་ཏང་ཨུའི་སྤྱི་ཚོགས་བྱ་བའི་པུའུ་ཡིས་སྣེ་ཁྲིད་བྱས་པ་དང་། རྟ་བོ་གྲོང་རྡལ་དང་རྫོང་འཕེལ་རྒྱས་བཅོས་བསྒྱུར་ཅུའུ་སོགས་སྡེ་ཁག་མང་པོས་མཉམ་དུ་བསྒྲུབས་ཤིང་། སྤྱི་ཚོགས་བྱ་བ་སྒྲུབ་མཁན་དང་དྲ་མིག་བྱ་བ་སྒྲུབ་མཁན། དངོས་སྐྱེལ་པ། ཚོང་ཟོང་སྐྱེལ་མཁན། གླ་གཏོང་རླངས་འཁོར་གྱི་ཁ་ལོ་བ། ཁོར་ཡུག་གཙང་སྦྲ་བྱེད་མཁན་སོགས་མི་ཚོགས་ལ་ཁ་ཕྱོགས་ནས། སྐོར་སྐྱོད་ལྟ་ཞིབ་པ་བརྒྱ་བདམས་ཐོན་བྱུང་། ཐེངས་འདིའི་གདན་ཞུ་ལས་བསྐོ་མཛད་སྒོ་ནི་རྨ་ཆེན་རྫོང་གིས་གཞི་རིམ་བཅོས་སྐྱོང་གསར་གཏོད་ལ་འཚོལ་ཞིབ་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པ་དང་། དེའི་དམིགས་འབེན་ནི་ལས་ཞུགས་གསར་བའི་མི་ཚོགས་དང་སྤྱི་ཚོགས་དང་བླངས་པ་བཅོས་སྐྱོང་ཁྲོད་ཞུགས་པར་ནང་འགུག་བྱས་པ་བརྒྱུད་དེ། གཞི་རིམ་གྱི་ཆ་འཕྲིན་བསྡུ་རུབ་ལམ་བུ་རྒྱ་བསྐྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་ལེགས་ཞིབ་ཅན་དང་ནུས་ལྡན་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།

མེ་ཐོན་རྨ་ཆེན་སྤྱི་ཁྱབ་ས་ཚིགས་ཀྱི་འགོ་གཙོ་གཞོན་པ་པད་མ་དབང་རྒྱལ་གྱིས། རྨ་ཆེན་རྫོང་གི་སྐོར་སྐྱོད་ལྟ་ཞིབ་པའི་འཐུས་ཚབ་པ་ཡིན་པའི་ཆ་ནས། ང་ཚོས་ལས་རིགས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། ཉིན་རྒྱུན་གྱི་སྲང་ལམ་བརྒྱུད་པའི་བྱ་བའི་ཁྱད་ཆོས་ལ་རྒྱབ་བརྟེན་བྱས་ནས། རྫོང་ཁོངས་ཀྱི་སྤྱི་ཚོགས་རྣམ་པར་དོ་སྣང་ཆེན་པོ་བྱེད་པ་དང་། དུས་ཐོག་ཏུ་སྤྱི་ཚོགས་བརྟན་འཇགས་དང་བདེ་འཇགས་ཉེན་ཁ། ཁྱིམ་མཚེས་བར་གྱི་འགལ་རྩོད། ཁོར་ཡུག་གཙང་སྦྲ་སོགས་ཀྱི་གནད་དོན་བསྡུ་རུབ་དང་ཡར་ཞུ་བྱེད་པ། གཞི་རིམ་བཅོས་སྐྱོང་གི་གནད་ཕིགས་ཚོར་ཤེས་དང་མགྱོགས་མྱུར་དང་ལེན་གྱི་ནུས་ལྡན་རྐྱེན་སྲོལ་བཙུགས་ཏེ། སྲིད་ཇུས་ལག་བསྟར་ནན་མོ་བྱས་པ་དང་སྤྱི་ཚོགས་ཀྱི་གནས་ཚུལ་དང་མང་ཚོགས་ཀྱི་འདོད་བློ་བརྒྱུད་སྒྲོག་བཟང་བོ་བྱེད་རྒྱུ་ཡིན་ཟེར།

རིན་ཆེན་མཚོས་བསྒྱུར།