ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གིས་སློབ་ཆེན་སློབ་མས་སྡེ་བའི་ནང་ལས་འགན་ཁུར་པ་ནི་སྡེ་བ་རིམ་པའི་ལས་བྱེད་རུ་ཁག་སྒྲིག་འཛུགས་ཀྱི་དམ་འཛིན་བྱེད་ས་གལ་ཆེན་དུ་བྱས་ཏེ། ཧུར་ཐག་གིས་ལས་བྱེད་པའི་བསྐོ་འདེམ་དང་གསོ་སྐྱོང་། དོ་དམ། བཀོལ་སྤྱོད་བཅས་ཕྲེང་སྦྲེལ་རྣམ་པའི་སྐྱེད་སྲེང་བྱེད་ཐབས་འཚོལ་ཞིབ་བྱས་ཏེ། ཤུགས་ཆེན་པོས་རོང་འབྲོག་ས་ཁུལ་གྱི་ནུས་པ་ཡོད་པའི་མི་འདེམ་དཀའ་བ་དང་འཇོན་ཐང་ཡོད་པའི་མི་སྡོད་དུ་འཇུག་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན། ཟླ5བའི་ཚེས19ཉིན་བར། ད་ལོར་སྡེ་བའི་ནང་ལས་ཞུགས་བྱེད་བཞིན་པའི་སློབ་ཆེན་སློབ་མའི་གསོ་སྦྱོང་འཛིན་གྲྭ་ཐེངས་གསུམ་སྤེལ་ཏེ། སྡེ་བའི་ནང་ལས་ཞུགས་བྱས་པའི་སློབ་ཆེན་པའི་འགན་སྒྲུབ་ནུས་པ་མཐོར་འདེགས་གཏོང་བར་རོགས་འདེགས་བྱས།
རྫོང་རིམ་པའི་འགན་སྲུང་ནུས་ཤུགས་ཆེ་རུ་བཏང་ནས། 《 ནང་ཆེན་རྫོང་སློབ་ཆེན་སློབ་མས་སྡེ་བའི་ནང་ལས་འགན་ཁུར་བའི་གསོ་སྦྱོང་ལས་འགུལ་འཆར་གཞི》བཟོས་ཏེ། སྔར་ལས་ལྷག་པའི་སྒོ་ནས་དམིགས་འབེན་ལས་འགན་གསལ་བར་བྱས་པ་དང་། ཚགས་དམ་པའི་སྒོ་ནས་ཕྱོགས་བཞི་དང་བྱེ་བྲག་གི་བྱེད་ཐབས་བཅུ་གཉིས་གཏན་ཕབ་བྱས་ལ། གསལ་ཐོ་རྣམ་པའི་བཀོད་སྒྲིག་དང་རྩིས་ཐོ་རྣམ་པའི་བཀོད་གཏོང་། རྒྱུན་རྣམ་ཅན་གྱི་ལྟ་སྐུལ་བཅས་ཀྱི་ལས་འགན་དོན་འཁྱོལ་རྐྱེན་སྲོལ་གསར་འཛུགས་དང་འཐུས་ཚང་དུ་བཏང་། མགོ་ཁྲིད་ལས་བྱེད་དང་གྲོང་རྡལ་གྱི་སྡེ་བའི་འགན་ལེན་པ་གཞོན་པ། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི། ཧྲུའུ་ཅི་དང་པོ་བཅས་ཀྱིས་སྡེ་བའི་ནང་ལས་འགན་ཁུར་བའི་སློབ་ཆེན་པར་འབྲེལ་འདྲེས་ཀྱི་རྐྱེན་སྲོལ་འཛུགས་པ་དང་། རྫོང་རིམ་པའི་ལས་བྱེད་མི་སྣ10དང་གྲོང་གསེབ་ལས་བྱེད་མི་སྣ101གིས་སྡེ་བའི་ནང་ལས་འགན་ཁུར་བའི་སློབ་ཆེན་པར་གོ་རིམ་ཧྲིལ་བོར་ཁ་གཏད་འབྲེལ་འདྲེས་དང་རོགས་སྐྱོར་བྱེད་པར་སྐུལ་འདེད་བཏང་། དེ་དང་ཆབས་ཅིག མཇུག་འབྲས་ཀྱི་ཁྲིད་སྟོན་མངོན་གསལ་དུ་བཏང་སྟེ། སྡེ་བའི་ནང་ལས་འགན་ཁུར་བར་འོས་འཚམ་མིན་པའི་སློབ་ཆེན་སློབ་མ3ལེགས་སྒྲིག་བྱས་པ་དང་། སྡེ་བའི་ནང་ལས་འགན་ཁུར་བའི་སློབ་ཆེན་པ40སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་ཁྲོད་ཞུགས་པར་བྱས་ལ། སློབ་ཆེན་སློབ་མ35སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིར་འདེམ་བསྐོ་བྱས་ཏེ། སྔོན་ཐོན་ཡར་སྐུལ་གྱི་སྲོལ་བཟང་བོ་གྲུབ་པར་བྱས་ཡོད།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།