མཚོ་སྔོན་ཞིང་ཆེན་རིག་གནས་ཁང་གི་ཞབས་ཞུའི་དྲིལ་སྒྲོག་གཟའ་འཁོར་དང་དུས་ཚིགས་བཞིའི་གྲོང་ཚོའི་གླུ་གཞས་འགྲན་ཚོགས་སྐབས་དང་པོ་སྤེལ་སྤེལ་མགོ་བརྩམས།
2025.05.21 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ5བའི་ཚེས20ཉིན། 2025ལོའི་མཚོ་སྔོན་རིག་གནས་ཡུལ་སྐོར་དུས་ཆེན་ཏེ།  མཚོ་སྔོན་ཞིང་ཆེན་རིག་གནས་ཁང་གི་ཞབས་ཞུའི་དྲིལ་སྒྲོག་གཟའ་འཁོར་དང་། དུས་ཚིགས་བཞིའི་གྲོང་ཚོའི་གླུ་གཞས་འགྲན་ཚོགས་དང་མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི་གྲོང་ཚོའི་གླུ་གཞས་འགྲན་བསྡུར་ཆེན་མོའི་མགོ་རྩོམ་མཛད་སྒོ་དེ་ཟི་ལིང་གྲོང་ཁྱེར་ཞིན་ཉིན་ཐང་ཆེན་དུ་བསྡུས། ཐེངས་འདིའི་བྱ་འགུལ་དེ་ཞིང་ཆེན་དྲིལ་སྒྲོག་པུའུ་དང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་སྒྲུབ་པ་དང་། ཞིང་ཆེན་རིག་གནས་ཁང་དང་ཞིང་ཆེན་དྲ་སྦྲེལ་གསར་འགྱུར་ལྟེ་གནས་སོགས་སྡེ་ཁག་ལྔ་ཡིས་སྒྲུབ་འགན་ཁུར་ཡོད། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཚོའི་གླུ་གཞས་འགྲན་བསྡུར་སྐབས་དང་པོ་བསྡུས་ནས། མཚོ་སྔོན་གྲོང་གསེབ་ཀྱི་རང་བྱུང་ཡུལ་ལྗོངས་དང་། དམངས་སྲོལ་གོམས་གཤིས། ལོ་རྒྱུས་རིག་གནས། དུས་རབས་གསར་པའི་བསམ་པའི་རྣམ་པ་བཅས་མངོན་པ་དང་། རིགས་སོ་སོའི་མང་ཚོགས་ཀྱི་གོང་བུར་འགྲིལ་ཤུགས་དང་ཕ་ཡུལ་ལ་དགའ་ཞེན་བྱེད་པའི་བརྩེ་བར་སྐུལ་སློང་བྱས་ཏེ། གླུ་གཞས་ལས་བརྟེན་ནས་མཚོ་སྔོན་གྱི་མཛེས་སྡུག་མཚོན་པར་བྱས་ཏེ། ཕ་ཡུལ་གྱི་གླུ་སྐད་སྙན་མོ་གཙང་གསུམ་འབྱུང་ཁུངས་སུ་ཁྱབ་པར་བྱ་རྒྱུ་རེད།

འགྲན་བསྡུར་དེ་ཟླ་བ་ཁ་ཤས་ཀྱི་རིང་དུ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ཞིང་། མིང་ཐོ་འགོད་པ་དང་། ཐོག་མའི་འགྲན་བསྡུར། བསྐྱར་འགྲན། རྟིང་རྩོད་འགྲན་བསྡུར་སོགས་ཀྱི་གོ་རིམ་བརྒྱུད་དགོས།

མཚོ་སྔོན་ཞིང་ཆེན་རིག་གནས་ཁང་གི་ཞབས་ཞུ་དྲིལ་སྒྲོག་གཟའ་འཁོར་རིང་ད་དུང་སྣ་མང་ཕུན་སུམ་ཚོགས་པའི་བྱ་འགུལ་རབ་དང་རིམ་པ་སྤེལ་རྒྱུ་རེད། དེའི་ནང་གཡུལ་སའི་ཞབས་ཞུ་དང་། སྐོར་སྐྱོད་ཞབས་ཞུ། སིམ་པའི་ཉམས་ལེན་སོགས་བྱེད་ཐབས་སྣ་ཚོགས་སྤྱད་དེ། མཚོ་སྔོན་ཞིང་ཆེན་རིག་གནས་ཁང་མང་ཚོགས་རིག་རྩལ་ཚོགས་པའི་ཕུལ་བྱུང་ལེ་ཚན་འགྲེམས་སྟོན་དང་། མཚོ་སྔོན་ཞིང་ཆེན་རིག་གནས་ཁང་རྒན་རྒོན་སློབ་ཆེན་གྱི་ཕུལ་བྱུང་རིག་རྩལ་ལེ་ཚན་འགྲེམས་སྟོན་བྱས་ཏེ།  རྒྱ་ཆེའི་མང་ཚོགས་ལ་རང་ཉིད་འགྲེམས་སྟོན་བྱེད་པའི་སྟེགས་བུ་མཁོ་འདོན་བྱས་ནས་མང་ཚོགས་སྔར་ལས་མང་པོར་སྒྱུ་རྩལ་བྱང་ཚད་བློ་སྦྱོང་དང་མཐོ་རུ་གཏོང་བའི་གོ་སྐབས་ཐོབ་ཏུ་འཇུག་རྒྱུ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།