ཟླ5པའི་ཚེས16ཉིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཞིང་ཆེན་སྲིད་འཛིན་སློབ་གླིང་དང་ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་ལས་བྱེད་པའི་སློབ་གླིང་གིས་འགན་སྒྲུབ་བྱས་པའི2025ལོའི་ཁུ་ནུའི་འཆད་ཁྲིད་ཆེན་མོ་སྐབས་གསུམ་པ་དྲ་ལམ་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་མཚན་ཉིད་རིག་པའི་སློབ་ཞིབ་པུའུ་ཡི་འཐབ་ཇུས་མཚན་ཉིད་རིག་པའི་སློབ་དཔྱོད་ཁང་གི་ཀྲུའུ་རིན། དགེ་རྒན་ཆེན་མོ་རིན་ཅུན་ཧྭ་ཡིས་ཁ་བྱང་ལ་ཀུན་སྤྱོད་ཀྱིས་ཆབ་སྲིད་སྐྱོང་བ་དང་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀུན་སྤྱོད་ཀྱི་བྱང་ཚད་ཇི་ལྟར་མཐོར་འདེགས་གཏོང་དགོས་ཞེས་པའི་འཆད་ཁྲིད་སྤེལ།
རིན་ཅུན་ཧྭ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་། ཀྲུང་ཧྭའི་ཕུལ་བྱུང་རིག་གནས་ཀྱི་ཀུན་སྤྱོད་ཀྱིས་ཆབ་སྲིད་སྐྱོང་བའི་དགོངས་པ་དང་ལོ་རྒྱུས་སྦྱངས་ནས་ཀུན་སྤྱོད་བླ་རུ་བཀུར་བ་བཅས་ཀྱི་ཟུར་སྣེ་གསུམ་ལ་དམིགས་ཤིང་། དཔེ་གཞིར་ཟུང་འབྲེལ་བྱས་ཏེ། ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀུན་སྤྱོད་དར་སྤེལ་གཏོང་བ་དང་ཆབ་སྲིད་སྤྱོད་ཚུལ་གཙང་མ། རྒྱལ་ཁབ་སྟོབས་ལྡན་གཏོང་བ་བཅས་ཀྱི་ཆབ་སྲིད་ཀྱི་མཐོ་ཚད་ནས་ཆབ་སྲིད་ཀུན་སྤྱོད་གླེང་བ་དང་ཆབ་སྲིད་ཀུན་སྤྱོད་བཙུགས་ན། དོན་ཆེན་འགྲུབ་པའི་ནང་དོན་ལ་འགྲེལ་བཤད་ཟབ་མོ་བྱས་པས། རང་ཞིང་གི་ཏང་ཡོན་ལས་བྱེད་པའི་གཅིག་གྱུར་གྱི་ཁས་ལེན་ཐོབ། ཚང་མས་བསྟན་དོན། ཆབ་སྲིད་ཀུན་སྤྱོད་འཛུགས་པ་དེ་ངེས་སྦྱོང་བསླབ་ཚན་དུ་བརྩིས་ནས། ནང་སེམས་དང་ཕྱིའི་བྱ་སྤྱོད་དང་མཐུན་པར་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བརྩིས་ནས། ཆབ་སྲིད་ཀྱི་ངེས་ཤུགས་དང་སྒྲིག་ལམ་གྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས། རུལ་སུངས་ལ་རྒོལ་བའི་ངེས་ཤུགས་བཅས་ཇེ་ཆེར་གཏོང་བ་དང་། བསམ་བློ་ཀུན་སྤྱོད་ཀྱི་འགོག་ཐིག་ཇེ་དམ་དུ་བཏང་སྟེ། ཕུགས་བསམ་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། དགོངས་པ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། རང་ངོས་བྱང་ཚད་མཐོར་འདེགས་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སེམས་ཤུགས་གཅིག་སྒྲིལ་བྱེད་དགོས།
གྲོང་ཁྱེར་དང་ཁུལ་སོ་སོའི་ལས་ཁུངས་སོ་སོ་དང་། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས། ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭ། ཞིང་ཆེན་ཁོངས་གཏོགས་ཁེ་ལས་བཅས་ཀྱི་ལས་བྱེད་པ་ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ལྷག་གིས་འཆད་ཁྲིད་ལ་ཉན་པ་དང་། དེའི་ཁྲོད། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་། ཞིང་ཆེན་ཚོང་དོན་ཐིན་སོགས་ལས་ཁུངས་ཀྱིས་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ནས་གཅིག་བསྡུས་ཀྱིས་འཆད་ཁྲིད་ལ་ཉན།
ལྷ་མོ་འཚོས་བསྒྱུར།