མཚོ་སྔོན་གྱིས་མི་མང་འདུ་སའི་ཁོར་ཡུག་གི་མེའི་བཀོལ་སྤྱོད་ཚད་ལྡན་ཡིན་མིན་ལ་ཞིབ་བཤེར་ནན་མོ་བྱས།
2025.05.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གཙང་སེལ་བྱེད་ཆེད།  ཟླ5པའི་ཚེས19ཉིན།  མཚོ་སྔོན་ཞིང་ཆེན་མི་མང་འདུ་སའི་ཁོར་ཡུག་གི་མེའི་བཀོལ་སྤྱོད་ལ་ཆེད་དམིགས་བཅོས་སྐྱོང་བྱ་བའི་ཚན་ཆུང་གིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་ཕྱོགས་བསྡུས་ཚོང་ཁང་དང་།  ཚོང་ར།  གློག་རྡུལ་རོལ་རྩེད་མགྲོན་ཁང་སོགས་གཅོ་གནད་ཁུལ་ལ་མཉམ་འབྲེལ་ཁྲིམས་བསྟར་ཞིབ་བཤེར་སྤེལ་ཏེ།  མེའི་བཀོལ་སྤྱོད་བདེ་འཇགས་དང་ཚད་ལྡན་ཡིན་མིན་ལ་ཞིབ་བཤེར་ནན་མོ་བྱས།

ཞིབ་བཤེར་ཚན་ཆུང་གིས་བཤེར་མཆན་གོ་རིམ་དང་མི་སྣའི་ཐོབ་ཐང་།  མེ་ཟོན་བགྲོད་ལམ་དང“ངེས་པའི་དོན་ཚན་བདུན”གྱི་བྱེད་ཐབས་དོན་འཁྱོལ་བྱས་པའི་གནས་ཚུལ་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་བྱས་ལ།  ས་གནས་ཁུལ་ཁ་ཤས་ཀྱི་མེའི་བཀོལ་སྤྱོད་བྱེད་མཁན་ལ་འཛིན་བྱང་མེད་པ་དང་བདེ་འཇགས་ལྟ་སྐྱོང་མཁན་ལས་གནས་སུ་མེད་པ་སོགས་ཀྱི་གནད་དོན་ཤེས་རྟོགས་བྱུང་བས།  ས་གནས་ཀྱི་ཆེད་དམིགས་ཚན་ཆུང་གིས་དུས་བཅད་བཅོས་སྐྱོང་དང་ཨང་ཐོ་གསུབ་པའི་རྩིས་ཐོ་བཟོས།  དེ་དང་ཆབས་ཅིག་ཡུལ་དངོས་ནས་བདེ་འཇགས་དང་ཚད་ལྡན་ངང་མེ་བཀོལ་སྤྱོད་བྱེད་པ་དང་མེ་ཟོན་བྱེད་ཐབས་ཀྱི་བླང་བྱ་ཁྱབ་བརྡལ་བྱས་ལ།  མིག་སྔར།  ཞིང་ཆེན་བྱ་བའི་ཚན་ཆུང་གིས་གནད་དོན་གསལ་ཐོར་བཀག་སྡོམ་དོ་དམ་བྱས་ཏེ།  རྗེས་མར་ལྐོག་འདྲི་ལྟ་ཞིབ་སྤེལ་འཆར་ཡོད།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།