རང་ཞིང་གི2025ལོའི་རྒྱལ་དམངས་ཡོངས་ཀྱི་འཚོ་བཅུད་གཟའ་འཁོར་དང་སློབ་མའི་འཚོ་བཅུད་ཉིན་མོའི་དྲིལ་བསྒྲགས་བྱ་འགུལ་སྤེལ་མགོ་བརྩམས།
2025.05.21 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ5བའི་ཚེས20ཉིན།  བཟའ་བཏུང་དང་འགུལ་སྐྱོད་དོ་མཉམ་དང་ལྗིད་ཚད་བདེ་ཐང་། དམངས་ཡོངས་འགུལ་བསྐྱོད་སྤེལ་ཞེས་པ་བརྗོད་སྙིང་ཡིན་པའི་བདེ་ཐང་ཀྲུང་གོར་འཚོ་བཅུད་སྔོན་བསྐྱོད་བྱས་པ་དྲིལ་བསྒྲགས་ཁ་གཡང་ཡིན་པའི་མཚོ་སྔོན་ཞིང་ཆེན་གྱི2025ལོའི་རྒྱལ་དམངས་ཡོངས་ཀྱི་འཚོ་བཅུད་གཟའ་འཁོར་དང་སློབ་མའི་འཚོ་བཅུད་ཉིན་མོའི་བརྗོད་དོན་དྲིལ་བསྒྲགས་བྱ་འགུལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་སྤེལ།

མགོ་བརྩམས་མཛད་སྒོའི་སྟེང་། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་འཚོ་བཅུད་བདེ་ཐང་མཛུབ་སྟོན་ཨུ་ཡོན་ལྷན་ཚོགས་ཀྱི་འཐུས་མི་དང་ཞིང་ཆེན་འཚོ་བཅུད་ཚོགས་པའི་འཐུས་མིས་མཉམ་གཅིག་དུ་ཞིང་ཆེན་ཡོངས་ཀྱི་དམངས་ཡོངས་ལ་འཚོ་བཅུད་གྲོས་མགོ་ཡི་གེ་བཏོན་ལ། བདེ་ཐང་བྱ་བའི་དང་བླངས་པའི་འཐུས་ཚབ་ཀྱིས་དམ་བཅའ་བཞག  ཞིང་ཆེན་དང་། ཁུལ། རྫོང་བཅས་ཀྱི་སྡེ་ཁག་སོ་སོའི་མཉམ་འབྲེལ་སྒོས་འགྲེམས་པང་དྲིལ་བསྒྲགས་དང་། ལུས་ཕུང་སྤུས་ཚད་ལྟ་ཞིབ་ཚད་ལེན། ཁྲག་གདམ་གསེས་སོགས་བྱ་འགུལ་སྤེལ་ནས།    མང་ཚོགས་དང་ཚོགས་ཞུགས་མི་སྣར་ལུགས་མཐུན་གྱི་ཟ་མ་ཟ་བའི་དྲིལ་བསྒྲགས་དེབ་སོགས་རྒྱུ་ཆ་བྱིན་པ་དང་།  ཁྱོན་ཡོངས་ནས་འཚོ་བཅུད་བདེ་ཐང་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ། མང་ཚོགས་ཀྱི་བདེ་ཐང་བྱང་ཚད་མཐོར་འདེགས་གཏོང་བ། སྨན་པ་དང་། སློབ་མ། རིམས་འགོག་མི་སྣ། ལུས་རྩལ་སྦྱོང་བརྡར་ལ་དགའ་མཁན། རིག་རྩལ་བྱ་བ་ལས་མཁན།  རྒན་པ་སོགས་ལ་ཚད་ལྡན་གྱི་འགུལ་སྐྱོད་བྱས་ན། འུ་ཚོ་ཚང་མ་བདེ་ཐང་ཡིན་ཞེས་པ་བརྗོད་གཞི་ཡིན་པའི་རིག་རྩལ་འཁྲབ་སྟོན་དང་། འགུལ་སྐྱོད་བྱས་ན་བདེ་ཐང་ཡིན་པའི་རྐང་ཐང་གི་ལུས་རྩལ་སྦྱོང་བརྡར་བྱ་འགུལ་སྤེལ།

བརྗོད་དོན་དྲིལ་བསྒྲགས་བྱ་འགུལ་སྤེལ་བའི་སྐབས་སུ། ཞིང་ཆེན་དང་། ཁུལ། རྫོང་བཅས་ཀྱི་སྡེ་ཁག་མང་པོ་མཉམ་འབྲེལ་འགུལ་སྐྱོད་བྱས་ཏེ། ཁ་ཟས་ལུགས་མཐུན་གྱིས་ཟ་བ་དར་སྤེལ་གཏོང་བ་དང་། ཆུད་ཟོས་གཏན་འགོག་བྱེད་པ།  འཚོ་བཅུད་ཤེས་བྱ་སྡེ་ཁུལ་དང་སློབ་གྲྭ།  གྲོང་གསེབ། ཁེ་ལས་བཅས་སུ་བསྐྱོད་པ་སོགས་ཀྱི་བྱ་འགུལ་སྤེལ་ནས།  དམངས་ཡོངས་ཀྱི་འཚོ་བཅུད་བདེ་ཐང་བྱང་ཚད་མཐོ་རུ་གཏོང་དགོས།

བདེ་ཐང་གི་ལྗིད་ཚད་དོ་དམ་དང་ཟུང་འབྲེལ་བྱས་ཏེ་ཐབས་ལམ་སྣ་ཚོགས་བརྒྱུད་སྤྱི་དམངས་ལ་འཚོ་བཅུད་བདེ་ཐང་ཤེས་བྱ་དྲིལ་བསྒྲགས་བྱས་ནས་སྤྱི་དམངས་ཀྱི་འཚོ་བཅུད་བདེ་ཐང་གི་འདུ་ཤེས་མཐོ་རུ་གཏོང་བ་དང་། སྤྱི་དམངས་ལ་ཚན་རིག་དང་ལུགས་མཐུན་གྱི་བཟའ་བཏུང་གོམས་གཤིས་ཆགས་པར་སྐུལ་འདེད་གཏོང་བ་དང་། བཟའ་བཏུང་གི་བྱ་སྤྱོད་མི་ལེགས་པ་ཉུང་དུ་གཏོང་བ། ཟས་དང་འགུལ་སྐྱོད་དོ་མཉམ་ཡོང་བ་དང་། ལུས་པོའི་ལྗིད་ཚད་བདེ་ཐང་རྒྱུན་འཁྱོངས་བྱས་ཏེ་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱེད་པར་རོགས་རམ་བྱེད་དགོས།

ཏིང་འཛིན་མཚོ་མོས་བསྒྱུར།