ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་དྲུང་ཡིག་ཁྲུའུ་ལྔ་བའི་ཏང་ཀྲི་པུའུ་ཡིས་ཆུ་ཚད་མཐོ་བའི་ཏང་འཛུགས་སྐྲུན་གསར་གཏོད་ལ་བརྟེན་ནས“ལས་སྒོ་གསུམ”གྱི་ལས་དོན་སྤུས་ཚད་ཇེ་མཐོར་བཏང་ནས་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་།
2025.05.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

ཟླ5པའི་ཚེས19ཉིན། གསར་འགོད་པས་ཞིང་ཆེན་སྲིད་གཞུང་གཞུང་བསྒྲུབ་ཐིན་ནས་ཤེས་གསལ་ལྟར་ན། “སྟོབས་ལྡན་བཞིའི”ཏང་ཀྲི་པུའུ་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བའི་བརྒྱུད་རིམ་ཁྲོད་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་དྲུང་ཡིག་ཁྲུའུ་ལྔ་པའི་ཏང་ཀྲི་པུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་གཞུང་དོན་ཐིན་གྱི་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཀྲི་པུའུ་ཡི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཆུ་ཚད་མཐོ་བའི་ཏང་འཛུགས་སྐྲུན་ལ་བརྟེན་ནས“ལས་སྒོ་གསུམ”གྱི་ལས་དོན་ལ་སྐུལ་འདེད་བཏང་སྟེ་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་།

དྲུང་ཡིག་ཁྲུའུ་ལྔ་པའི་ཏང་ཀྲི་པུའུ་ཡིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལས་ཁུངས་ཀྱི་ཁྱད་ཆོས་དང་པོ་ཡིད་ལ་དམ་པོར་བཟུང་སྟེ། “གྲོས་གཞི་དང་པོའི”ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་པ་དང་། ཀྲི་པུའུ་ཡི་ཁོངས་མིའི་སྣེ་ཁྲིད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་།  ད་ལོའི་ལས་འགན་གྱི་ཞིབ་ཐོ་དང་ཟུང་འབྲེལ་བྱས་ཏེ་ཏང་འཛུགས་སྐྲུན་གྱི་དམིགས་འབེན་ལས་འགན་དང་ལས་སྒོའི་ལྟེ་གནས་ཀྱི་ལས་དོན་མཉམ་འདྲེས་ཞིབ་ཕྲ་ཅན་དང་ཚད་འབེབས་བྱ་རྒྱུ་དེ་ཞིབ་ཕྲའི་རྣམ་གྲངས་སུ་བསྒྱུར་བ་དང་། ནོར་ཁྲལ་སྒྲིག་སྲོལ་བཅོས་སྒྱུར་དང་ཚན་རྩལ་གསར་གཏོད་ཞབས་ཞུ་སོགས་གཙོ་གནད་ལས་སྒོའི་ཐོག་ཏང་འཛུགས་སྐྲུན་ལས་དོན་གྱི་ཕན་འབྲས་ལ་དཔྱད་ཞིབ་བྱེད་དགོས།

“ལས་སྒོ་གསུམ”གྱི་འགན་ནུས་ངེས་གནས་གཞིར་བཟུང་སྟེ། དྲུང་ཡིག་ཁྲུའུ་ལྔ་བའི་ཏང་ཀྲི་པུའུ་ཡིས་ཧུར་ཐག་སྒོས་ཏང་འཛུགས་སྐྲུན་གྱི་ལས་སྒོ་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱེད་པ་དང་། བྱ་བའི་བྱེད་ཐབས་གསར་གཏོད་བྱེད་པ། ཡིག་ཆ་གལ་ཆེན་ལ་འཆར་ཟིན་འགོད་སྐབས“མི་གཅིག་གིས་འཆར་ཟིན་འགོད་པ་དང་། མཉམ་དུ་གྲོས་བསྡུར་བྱེད་པ” “ཆབ་སྲིད་ཀྱི་ཆ་རྐྱེན་གལ་ཆེན་གཉིས་ལ་ཞིབ་བཤེར་བྱེད་པ”བཅས་ཀྱི་ལམ་སྲོལ་ལག་བསྟར་བྱེད་པ། “ཏང་ཡོན་གྱིས་སྣེ་ཁྲིད་དེ་འགག་སྒྲོལ་ཚོ་ཆུང”འཛུགས་པ་བཅས་བྱས་ཏེ། ཏང་འཛུགས་སྐྲུན་དང་ཡིག་ཆ་མཉམ་འདྲེས་ཡོང་བར་བྱེད་པ་དང་། ཚོགས་འདུ་གལ་ཆེན་མ་འཚོགས་གོང“ཞིབ་བསྡུར་གསུམ་དང་ལྟ་ཞིབ་གསུམ”གྱི་བྱེད་སྒོ་སྤེལ་བ། “ཏང་ཡོན་གྱི་ཚོགས་དོན་གདོང་ལེན་པ”ཞེས་པའི་ལག་དེབ་བཟོ་བ། ཏང་འཛུགས་སྐྲུན་དང་གཞུང་ཡིག་མཉམ་འདྲེས་བྱེད་ཐུབ་པ། ཏང་ཡོན་གྱི“གཏན་ཁེལ་གསུམ”གྱི་ལམ་ལུགས་དང་ཐོལ་བྱུང་དོན་རྐྱེན་བྱུང་ཚེ“སྐར་མ་གཅིག་ནང་ཁ་པར་ལེན་པ་དང་། སྐར་མ་བཅུའི་ནང་ལས་གནས་སུ་ཐོན་དགོས་པའི”ལམ་སྲོལ་འཛུགས་པར་ལྟ་སྐུལ་སྤྱི་འདོམས་དོན་འཁྱོལ་བྱེད་པ། ཏང་འཛུགས་སྐྲུན་དང་ལས་སྒྲུབ་ཁང་མཉམ་འདྲེས་ཐུབ་པ་བཅས་བྱས་ཏེ། ཏང་འཛུགས་སྐྲུན་དང་ལས་དོན་མཉམ་འདྲེས་ཐུབ་པར་བྱས་ཏེ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱེད་དགོས།

དྲུང་ཡིག་ཁྲུའུ་ལྔ་པའི་ཏང་ཀྲི་པུའུ་ཡིས་ད་དུང་འཐབ་འཛིང་གི་བཙན་རྫོང་དང་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་དང་། “ཏང་གཤིས་བརྟག་བཤེར”ལམ་ལུགས་གསར་གཏོད་དང་། ཟླ་རེར་ཞབས་ཞུའི་འདུ་ཤེས་ལ་ཞིབ་བཤེར་དང་ཡིག་ཆ་ལག་བསྟར་བྱས་པའི་གནས་ཚུལ།  ལུགས་སྲོལ་འདུ་ཤེས་ལ་ཞིབ་བཤེར་དང་གསང་སྲུང་སྒྲིག་ཁྲིམས་ལ་ལྟ་བ། འགན་འཁུར་ཕོད་པའི་སྙིང་སྟོབས་ལ་ཞིབ་བཤེར་དང་ཛ་དྲག་གི་དང་ལེན། “ཟིན་བྲིས་ཀྱི་འཆར་ཟིན་འགོད་པའི་གདོང་ལེན་ལས་གནས”དང“ཚོགས་པའི་ལས་དོན་འགན་སྲུང་གི་གདོང་ལེན་ལས་གནས”དང“ལས་སྒོའི་དཔེ་དམག”བཅས་དཔྱད་འདེམས་བྱས་ཏེ། ཏང་ཡོན་ལས་བྱེད་པས་ཡི་གེ་ཕྱོགས་བསྡུས་དང་མཐུན་སྦྱོར་ཞབས་ཞུ་སོགས་ལས་གནས་ཐོག་ལེགས་སྐྱེས་ཕུལ་ནས་འབད་འཐབ་དང་སྔོན་གཏོད་ལེགས་བརྩོན་བྱེད་པར་སྐུལ་མ་གཏོང་དགོས། 2021ལོ་ནས2023ལོའི་བར་དྲུང་ཡིག་ཁྲུའུ་ལྔ་བའི་ཏང་ཀྲི་པུའུ་བསྟུད་མར་ལོ་གསུམ་རིང་གཞུང་སྒྲུབ་ཐིན་གྱི་དམིགས་འབེན་འགན་འཁྲིའི་དཔྱད་ཞིབ་ཕུལ་བྱུང་སྡེ་ཁག་དང་གཞི་རིམ་ཏང་རྩ་འཛུགས་སུ་བདམས་པ་རེད།