མཚོ་སྔོན་གྱི་ཁྱད་ལྡན་ཐོན་ལས20ལྷག་སྐབས་བདུན་པའི་ནུབ་རྒྱུད་ཚོང་གཏམ་གྲོས་ཚོགས་ལ་ཞུགས།
2025.05.23 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ5བའི་ཚེས22ཉིན། སྐབས་བདུན་པའི་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངུལ་གཏོང་ཉོ་ཚོང་ཚོང་གཏམ་གྲོས་ཚོགས་ཁྲུང་ཆིན་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ་གཟབ་རྒྱས་ངང་སྤེལ། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱིས་ཞིབ་ཚགས་ངང་འཆར་འགོད་བྱས་པ་དང་།གཅིག་གྱུར་ངང་རྩ་འཛུགས།  སྨི་གྲུ་བཞི་མ180ཅན་གྱི་དམིགས་བསལ་གྱི་གཟུགས་བརྙན་འགྲེམས་སྟོན་ཁང་ཇུས་འགོད་བྱས་ཏེ་འཛུགས་པ་དང་།  རི་ཆུའི་འབྱུང་ཁུངས། རབ་མཛེས་མཚོ་སྔོན་བརྗོད་གཞི་བྱས་ཏེ། ཁྱོན་ཡོངས་ནས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་།  ཐོན་ལས་གནས་བཞི་དང་ལྗང་མདོག་རྩིས་ནུས་འཕེལ་རྒྱས་སོགས་ཁྱབ་ཁོངས་སུ་གྲུབ་འབྲས་མངོན་གསལ་ཐོབ་ཡོད།

མཚོ་སྔོན་འགྲེམས་ཁུལ་གྱི་སྤྱིའི་ཇུས་འགོད་ཁྱད་དུ་འཕགས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པར་ཁ་གཏད་ཏེ། ཐོན་ལས་གནས་བཞི་འཛུགས་སྐྲུན་དང་། ལྗང་མདོག་རྩིས་ནུས་ཐོན་ལས་ལྟེ་བར་བཟུང་སྟེ། བརྗོད་གཞི་ཆེན་པོ་ལྔ་ཇུས་གཞི་སྒྲིག་བཀོད་བྱས་ཏེ། ཐེངས་འདིའི་ནུབ་རྒྱུད་ཚོང་གཏམ་གྲོས་ཚོགས་ལ་མཚོ་སྔོན་ཞིང་ཆེན་གྱི་རྩ་འཛུགས20ལྷག་ཡོད་ལ།  དེའི་ནང་ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་། དྭགས་གཙང་ནུས་ཁུངས། ཉི་གློག ལིས་གློག་སོགས་ཁྱབ་ཁོངས་ཀྱི་ཁེ་ལས་སྤུས་ལེགས་དག་འགྲེམས་སྟོན་ལ་ཞུགས།

སྐྱེ་ཁམས་དཔལ་ཡོན་མཐོ་སའི་འགྲེམས་སྟོན་ཁུལ་དུ། སྤུས་ཚད་མཐོ་བའི་བརྙན་རིས་བརྩམས་ཆོས་ལ་བརྟེན་ནས་བརྙན་ཐུང་དང་། འདྲ་པར།  མཚོ་སྔོན་ཞིང་ཆེན་གྱི་ཁྱད་ལྡན་ས་གཤིས་དང་སྐྱེ་ཁམས་མ་ལག་ལ་བརྟེན་ནས་།མཐོ་སྒང་གི་སྐྱེ་དངོས་སྲུང་སྐྱོང་གི་གནས་ཚུལ་དང་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་། ལྗང་མདོག་རྩིས་ནུས་ལས་འགྲེམས་སྟོན་ཁུལ་གྱིས་ཨང་ཀིའི་འགུལ་རྣམ་ལ་བརྟེན་ནས་ནུས་རྒྱུ་གཙང་མའི་ཐད་ཀར་མཁོ་འདོན་རྩིས་ཤུགས་རྟེན་གཞིའི་ཡུལ་ལྗོངས་ཆུ་གསོག་གཞི་གཅིག་ཅན་གྱི་གློག་འདོན་རྣམ་པ་ལད་ཟློས་བྱས།

སྐབས་འདིའི་ནུབ་རྒྱུད་གྲོས་མོལ་ཚོགས་འདུས་ནུབ་རྒྱུད་གསར་པ་དང་།བཟོ་སྐྲུན་གསར་པ།ཞབས་ཞུ་གསར་པ་བརྗོད་དོན་གཙོ་བོར་བྱས་ཏེ།གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་མང་པོ་ཞིག་གི་སྐུ་མགྲོན་དང་འགྲེམས་སྟོན་ཚོང་བ་རི་གྲོང་དུ་མཉམ་འཛོམས་བྱས་ནས། འཕེལ་རྒྱས་ཀྱི་འཆར་གཞི་ཆེན་པོར་མཉམ་དུ་གྲོས་མོལ་བྱེད་པ་དང་མཉམ་ལས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ཡོད།

ནུབ་རྒྱུད་ས་ཁུལ་གྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྟེགས་བུ་གལ་ཆེན་ཞིག་ཡིན་པའི་ནུབ་རྒྱུད་གྲོས་མོལ་ཚོགས་འདུ་དེ་སྐབས་དྲུག་ལ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པས་ནུབ་རྒྱུད་ས་ཁུལ་གྱི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་།  རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ལྡན་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས།  ནུབ་རྒྱུད་ས་ཁུལ་གོ་ལ་ཧྲིལ་པོའི་ཐོན་ལས་སྦརེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག རིན་ཐང་སྦྲེལ་ཐག་བཅས་སུ་འདྲེས་པར་གོ་སྐབས་གསར་པ་མཁོ་འདོན་བྱས་ཡོད།

ཏིང་འཛིན་མཚོ་མོས་བསྒྱུར།