ཀྲུང་དབྱང་ནོར་སྲིད་ཀྱིས་ཞིང་ལས་ཐོན་སྐྱེད་ཐད་ཀྱི་གནོད་འགོག་གནོད་སྐྱོབ་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་བཏང་།
2025.05.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

གསར་འགོད་པས་ཚེས22ཉིན་ནོར་སྲིད་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ས་ཆ་སོ་སོའི་ལོ་ཏོག་གི་ནད་འབུའི་གནོད་སྐྱོན་འགོག་ཟོན་བྱ་བ་བཟང་བོར་བསྒྲུབ་པར་རྒྱབ་སྐྱོར་བྱེད་ཆེད། ཉེ་སྔོན། ནོར་སྲིད་པུའུ་ཡིས་ཞིང་ལས་ཞིང་སྡེ་པུའུ་དང་མཉམ་དུ་ཀྲུང་དབྱང་ནོར་སྲིད་ཀྱི་ཞིང་ལས་ཐོན་སྐྱེད་ཐད་ཀྱི་གནོད་འགོག་གནོད་སྐྱོབ་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་བཏང་ནས། ཧེ་ལུང་ཅང་དང་ཅང་སུའུ། ཨན་ཧུའེ། ཧི་ནན་སོགས་ཞིང་ཆེན་སུམ་ཅུ་དང་པེ་ཏ་ཧོང་ས་རྒོད་གསར་སྦོལ་སྡེ་ཚོགས་བཅས་ཀྱིས་ལོ་ཏོག་གི་ནད་འབུའི་གནོད་སྐྱོན་སྔོན་འགོག་བྱེད་པ་སོགས་ཀྱི་འབྲེལ་ཡོད་བྱ་བ་སྤེལ་བར་རྒྱབ་སྐྱོར་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་དབྱང་ནོར་སྲིད་ཀྱིས་གཙོ་བོར་ས་གནས་ཀྱིས་ཞིང་སྨན་དང་སྨན་གཏོར་ཡོ་བྱད་སོགས་དངོས་ཟོག་དང་གཅིག་འགོག་གཅིག་བཅོས་ཀྱི་ལས་བྱའི་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་ཐད་ཁ་གསབ་འོས་འཚམ་བྱས་པ་དང་། དུས་ཐོག་ཏུ་ས་ཆ་སོ་སོས་ལྟ་ཞིབ་ཉེན་བརྡར་སྔར་ལས་ཤུགས་སྣོན་པ་སྣེ་ཁྲིད་བྱས་པ་མ་ཟད། ནུས་ལྡན་བྱེད་ཐབས་སྤྱད་དེ། གྲོ་དང་ཆུ་འབྲས། མ་རྨོས་ལོ་ཏོག་གི་ནད་འབུ། ཞིང་ཁུལ་གྱི་ཆག་པ་སོགས་སྔོན་འགོག་བྱ་བ་སྤེལ་ནས། ནད་འབུའི་གནོད་འཚེའི་ཆེན་པོས་ཞིང་ལས་ཐོན་སྐྱེད་ཐད་ཀྱི་གནོད་པ་ཇེ་ཆུང་དུ་བཏང་བ་དང་། ལོ་ཧྲིལ་བོའི་འབྲུ་རིགས་ལོ་ལེགས་འབྱུང་བའི་རང་འགུལ་དབང་ཆ་བརྩོན་ལེན་བྱེད་པའི་ཐད་ཤུགས་དང་ལྡན་པའི་འདེགས་སྐྱོར་འདོན་སྤྲོད་བྱས།

རིན་ཆེན་མཚོས་བསྒྱུར།