མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་ཉེན་ཁ་ཚབས་ཆེན་དང་འགལ་རྐྱེན་ཞིབ་བཤེར་བཅོས་སྐྱོང་གི་བྱེད་སྤྱོད་སྤེལ།
2025.05.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས21ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་བསྡུས་པའི2025ལོའི་ཆུ་ལོག་འབྱུང་ཉེན་ཆེ་བའི་དུས་སྐབས་ཀྱི་དབྱར་ཁའི་འགྲིམ་འགྲུལ་སྐྱེལ་འདྲེན་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁ་དང་འགལ་རྐྱེན་ཚབས་ཆེན་ལ་ཞིབ་བཤེར་བཅོས་སྐྱོང་བྱེད་པའི་བྱ་སྤྱོད་ཀྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་མ་ལག་གིས་ཆུ་ལོག་འབྱུང་ཉེན་ཆེ་བའི་དུས་སྐབས་དང་དབྱར་ཁའི་འགྲིམ་འགྲུལ་སྐྱེལ་འདྲེན་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁ་དང་འགལ་རྐྱེན་ཚབས་ཆེན་གྱི་ཞིབ་བཤེར་བཅོས་སྐྱོང་བྱ་སྤྱོད་ཟབ་སྤེལ་བྱས་ཏེ། འགྲིམ་འགྲུལ་སྐྱེལ་འདྲེན་བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་བརྟན་བརླིང་དང་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་ཐུབ་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས།

ཞིབ་བཤེར་བཅོས་སྐྱོང་བྱ་སྤྱོད་ཁྱོན་ཡོངས་ནས་ནུས་ལྡན་ངང་ལག་བསྟར་བྱེད་པར་འགན་ལེན་བྱ་ཆེད། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་ཞིབ་བཤེར་བཅོས་སྐྱོང་བྱ་སྤྱོད་ལག་བསྟར་ཇུས་གཞི་པར་འགྲེམས་བྱས་པ་དང་། ལས་ཀའི་ཆེད་དོན་འཛིན་གྲྭ་བཙུགས་ནས་ཕྱོགས7གྱི་ཉེན་ཁ་དང་འགལ་རྐྱེན་ཆེ་མ་ཆུང་གསུམ21དང་། དེ་བཞིན་ཆེད་དོན་བཅོས་སྐྱོང་བྱ་སྤྱོད་10ཡི་ཞིབ་བཤེར་བཅོས་སྐྱོང་ཁྱབ་ཁོངས་དང་གཙོ་གནད་ནང་དོན་ཁ་གསལ་བཟོས་ཏེ། ས་གནས་དང་སྡེ་ཁག་སོ་སོས་ད་ཐེངས་ཀྱི་བཅོས་སྐྱོང་བྱ་སྤྱོད་དང་སྤེལ་བཞིན་པའི་ཁྱབ་ཁོངས་སོ་སོའི་ཆེད་དོན་བྱ་སྤྱོད་ཁག་བཅུར་གཞི་གཅིག་ཏུ་བཀོད་སྒྲིག་དང་མཉམ་དུ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

བཟོ་སྐྲུན་འཛུགས་སྐྲུན་ཁྱབ་ཁོངས་སུ། གཞུང་ལམ་བཟོ་སྐྲུན་རྩད་ཞིབ་ཇུས་འགོད་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་ཆེད་དོན་བྱ་སྤྱོད་དང་གཞུང་ལམ་ཕུག་ལམ་གྱི་ཨར་ལས་བདེ་འཇགས་བཅོས་སྐྱོང་གི་ཆེད་དོན་བྱ་སྤྱོད་ཏན་ཏིག་སྤེལ་རྒྱུ་རེད། “ཆེད་མཁས་པ་དང་ཁྲིམས་འཛིན”སོགས་ཀྱི་བྱེད་ཐབས་སྤྱད་དེ། ཨར་ལས་ལས་སྒྲུབ་ཁྲོད་ཀྱི་སྒྲིག་སྲོལ་དང་འགལ་བའི་བཀོད་འདོམས་དང་། སྒྲིག་སྲོལ་དང་འགལ་བའི་བྱ་སྤྱོད། ངལ་རྩོལ་སྒྲིག་ཁྲིམས་དང་འགལ་བའི“འགལ་བ་གསུམ་”གྱི་བྱ་སྤྱོད་བཅས་ཀྱི་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ཐལ་དྲགས་པའི་གནམ་གཤིས་འོག་གི“ཁུལ་གསུམ་དང་ས་ཆ་གཉིས”ཀྱི་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ལས་དོན་ཡག་པོ་སྒྲུབ་དགོས། ཆུ་ལམ་སྐྱེལ་འདྲེན་ཁྱབ་ཁོངས་སུ་རླུང་ཆེན་དང་རྦ་རླབས་ཆེན་པོ། དྲག་ཆར་སོགས་གནམ་གཤིས་ངན་པའི་སྐབས་སུ། གྲུ་གཟིངས་གཏོང་མཚམས་འཇོག་རྒྱུར་དོ་དམ་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱེད་དགོས། ཚོང་ལས་ཉ་གྲུ་ཡི་ཉེན་ཁ་ཆེ་བའི་ཉེན་བརྡ་གཏོང་ཁུལ་དང་མཚོ་འགྲུལ་འདུས་ཚད་ཆེ་བའི་ཁུལ་ལ་དམ་པོར་དམིགས་ཏེ། མཉམ་འབྲེལ་སྒོས་སྐོར་སྐྱོད་ཁྲིམས་འཛིན་བྱས་ནས། ཁྲིམས་འགལ་ངང་གྲུ་ལམ་དུ་འཛུལ་ནས་ཉ་འཛིན་པ་སོགས་མཚོ་འགྲུལ་ལ་འགོག་རྐྱེན་བཟོ་བའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ནས། ཚོང་ལས་གྲུ་གཟིངས་དང་ཉ་གྲུ་གདོང་ཐུག་འབྱུང་བའི་དོན་རྐྱེན་མི་འབྱུང་བའི་ཐད་སྔོན་འགོག་ནན་མོ་བྱ་རྒྱུ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།