མགོ་ལོག་གིས་ཚོང་འགུག་དངུལ་འདྲེན་ལ་ཤུགས་བསྣན་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
2025.05.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ5བའི་ཚེས23ཉིན།   མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཡོངས་ཀྱི་ཟླ5བའི་ཚོང་འགུག་དངུལ་འདྲེན་བྱ་བའི་བརྙན་ལམ་བཀོད་སྒྲིག་གྲོས་ཚོགས་བསྡུས་ཏེ།  ཟླ་དང་པོ་ནས་ལྔ་བའི་བར་གྱི་ཚོང་འགུག་དངུལ་འདྲེན་བྱ་བའི་འཕེལ་རིམ་ལ་ཕྱོགས་ཡོངས་ནས་ལེགས་སྒྲིག་དང་།  གནས་བའི་གནད་དོན་ལ་དབྱེ་ཞིབ།  རྗེས་ཀྱི་གཙོ་གནད་ལས་འགན་ཁག་ལ་བཀོད་སྒྲིག་བྱས།

རྒྱུས་ལོན་བྱུང་བ་ལྟར་ན།  ད་ལོའི་ལོ་མགོ་ནས་བཟུང་།  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཚོང་འགུག་དངུལ་འདྲེན་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད་ལ།  མིག་སྔའི་བར་དུ།  མིང་རྟགས་བཀོད་རྩིས་ཡོད་པའི་ལས་གཞི23ཡོད་ལ།  མ་དངུལ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གསུམ་དུང་ཕྱུར་གཉིས་བྱེ་བ་གསུམ་ས་ཡ་དགུ་ལྷག་གཏོང་རྩིས་ཡོད།  མིང་རྟགས་བཀོད་ཟིན་པའི་ལས་གཞི9དང་།  མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བདུན་ས་ཡ་གཅིག་བཏང་ཟིན།  རྫོང་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་དང་ཁུལ་རིམ་པའི་ཚོང་འགུག་དངུལ་འདྲེན་བྱ་བའི་བླང་བྱ་ལྟར།  དག་གཙང་ནུས་ཁུངས་དང་སྐྱེ་ཁམས་ལྗོངས་རྒྱུ།  ཁྱད་ལྡན་ཞིང་ཕྱུགས་ལས་སོགས་ཀྱི་ཐོན་ལས་ལ་གཞིགས་ནས་སྔར་ལས་ལྷག་པའི་སྒོ་ནས་ཚོང་འགུག་ཇུས་གཞི་ལེགས་བསྒྱུར་དང་།  ལས་གཞིའི་རྗེས་བསྙེགས་ཞབས་ཞུ་ནུས་ལྡན་དུ་བཏང་སྟེ།  ལོ་ཧྲིལ་བོའི་གྲོས་མཐུན་འགོད་པའི་འཆར་གཞིའི་ལས་འགན་བདེ་བླག་ངང་འགྲུབ་པར་ཁེག་ཐག་བྱས།

དེ་དང་ཆབས་ཅིག   མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་གྲ་སྒྲིག་བྱ་བར་སྐུལ་འདེད་བཏང་སྟེ།  སེམས་ཞིབ་མོས་ཚོང་འགུག་ལས་གཞིའི་ཇུས་གཞི་བཟོ་བ་དང་།  མུ་མཐུད་དུ་ཧྲང་ཧེ་གྲོང་ཁྱེར་སོགས་ཁ་གཏད་རོགས་སྐྱོར་ས་ཁུལ་གྱི་འབྲེལ་འདྲེས་དང་སྦྲེལ་མཐུད་ལ་ཤུགས་བསྣན་ཏེ།  མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་སྤུས་ཚད་མཐོ་བའི་གྲོས་མཐུན་འགོད་པར་འགན་སྲུང་བྱས།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།