ཟླ5པའི་ཚེས22ཉིན། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་ཏང་ཨུའི་རྩ་འཛུགས་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། རོང་འབྲོག་པའི་ཏང་ཡོན་གྱི་ཕུགས་བསམ་དད་སེམས་ཆེ་རུ་གཏོང་བ་དང་། ཏང་གཤིས་བྱང་ཚད་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་ཆེད། ཉེ་ལམ། ཐུན་ཏེ་རྫོང་གིས་ཉིན་བཅོ་ལྔའི་དུས་ཡུན་སྤྱད་དེ། རོང་འབྲོག་མི་དམངས་ཀྱི་ཏང་ཡོན་གྱི་ཕུགས་བསམ་དད་སེམས་མཐོར་འདེགས་གཏོང་བའི་སློབ་གསོའི་གསོ་སྦྱོང་འཛིན་གྲྭ་ཐེངས3སྤེལ་བ་དང་། རྫོང་ཁོངས་གཏོགས་ཀྱི་གྲོང་རྡལ5ཡི་སྲིད་འཛིན་གྲོང་ཚོ73གྱི་ཏང་ཀྲི་པུའུ་ཡི་རོང་འབྲོག་པའི་ཏང་ཡོན་ཉིས་བརྒྱ་བཞི་ལ་གསོ་སྦྱོང་ལས་སྒོ་སྤེལ།
ཐུན་ཏེ་རྫོང་གིས་སློབ་གསོ་གསོ་སྦྱོང་གི་ལས་སྒོ་སྲིད་ཇུས་དང་འབྲེལ་མཐུད་ཡོང་བར་རྒྱུན་འཁྱོངས་བྱས་ནས། གསོ་སྦྱོང་སློབ་ཚན་ལ་ཇུས་འགོད་ཞིབ་ཚགས་བྱས་ནས། གསོ་སྦྱོང་སློབ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་ཤིང་སྣ་མང་ཡོང་བར་བརྩོན་ལེན་བྱས་ཏེ། འགྲེལ་བཤད་ཟབ་མོ་དང་གྱོད་དཔེ་གསལ་བཤད། རྫོང་གི་གནས་ཚུལ་ངོ་སྤྲོད་བཅས་བྱས་པ་བརྒྱུད། སློབ་མར་ཕུགས་བསམ་དད་སེམས་བརྟན་གཏོང་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་བརྩེ་སེམས་ཟབ་སྤེལ། ལོ་རྒྱུས་ཀྱི་འགན་འཁྲི་ཆེ་རུ་གཏོང་བ། དངོས་སྒྲུབ་སྤྱོད་ཚུལ་དར་སྤེལ་བཅས་བྱས་ཏེ། ཏང་གི་གཞུང་ལུགས་གསར་གཏོད་ཀྱི་བདེན་དོན་སྟོབས་ཤུགས་ཤེས་རྟོགས་མཐིལ་ཕྱིན་ཡོང་བར་བྱས་ནས། རོང་འབྲོག་པའི་ཏང་ཡོན་གྱིས་ཏང་ལ་བརྩི་བཀུར་དང་ཏང་ལ་དགའ་གུས་བྱེད་པའི་འདུ་ཤེས་གསོ་སྐྱོང་བྱས་པར་མ་ཟད། དཔྱིད་འདེབས་ལས་དོན་དང་ཟུང་འབྲེལ་བྱས་ཏེ། གྲོང་གསེབ་དར་རྒྱས་དང་ཞིང་ཕྱུགས་ལས་རིགས་འཕེལ་རྒྱས་གཏོང་བའི་ཁ་གསབ་སོགས་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱིན་པའི་སྲིད་ཇུས་ལ་གསལ་འགྲེལ་མ་ནོར་བ་བྱས་ནས། ཏང་ཡོན་རྣམས་ལ་སྲིད་ཇུས་ཀྱི་ཁ་ཕྱོགས་དང་ཡོང་འབབ་འཕར་བའི་བསམ་ཕྱོགས་ཇེ་གསལ་དུ་བཏང་།
རོང་འབྲོག་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་དང་རྣམ་པ་མང་པོ་མཉམ་དུ་སྤྱོད་པ་རྒྱུན་འཁྱོངས་བྱས་ཏེ། སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་སྟངས་སྔར་ལས་འཐུས་ཚང་དུ་བཏང་ནས། རྩ་འཛུགས་བྱས་ཏེ་རོང་འབྲོག་ཁུལ་གྱི་ཏང་ཡོན་ཀྲུང་གོའི་བཟོ་ཞིང་དམར་དམག་ནུབ་ལམ་དམག་གི་དྲན་གསོའི་ཁང་དུ་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་མངགས་ཏེ། བསམ་བློའི་གོ་རྟོགས་སྔར་ལས་ཇེ་མཐོར་བཏང་། སློབ་མ་རྩ་འཛུགས་བྱས་ནས་ཧོང་ཀྲུང་ཆུས་ཡུས་ལཱ་གྲོང་ཚོ་སོགས་གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་གྲོང་ཚོར་ཡུལ་དངོས་ནས་ལྟ་ཞིབ་དང་སློབ་སྦྱོང་བྱས་ཏེ། ཚན་རྩལ་ཞིང་ལས་ཀྱི་འགུགས་ཤུགས་ཚོར་ཐུབ་པར་བྱས་པ་དང་། ཡུལ་དངོས་ཀྱི་སློབ་སྦྱོང་ཁྲོད་གྲོང་ཚོའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ལྡན་དུ་གཏོང་བའི་བསམ་ཕྱོགས་དང་ཐབས་ཇུས་བཟང་པོ་ལ་བསམ་ཞིབ་བྱས་ཏེ། རོང་འབྲོག་པའི་ཏང་ཡོན་གྱིས་བསླབ་ནས་རྒྱུད་ལ་འབྱོར་བའི་ཡོན་ཏན་བེད་སྤྱོད་ཐུབ་པར་བྱས། གསོ་སྦྱོང་བྱེད་པའི་སྐབས་སུ། རྩ་འཛུགས་སྒོས་མཉམ་འགུལ་བརྗེ་རེས་ཐེངས་མང་སྤེལ་ཏེ། གསོ་སྦྱོང་ནང་ཞུགས་པའི་སློབ་མས་གྲུབ་འབྲས་མཉམ་སྤྱོད་དང་བསམ་ཕྱོགས་སྣ་མང་བསྡུ་ལེན། ཐབས་ཤེས་དཔྱད་བསྡུར་བཅས་བྱས་ནས། བསམ་བློ་བརྗེ་རེས་དང་འབྲེལ་འདྲིས་དངོས་ཀྱི་ཁྲོད་ནས་བསམ་ཕྱོགས་རྒྱ་སྐྱེད་བཏང་།
བན་དེ་སྐྱབས་ཀྱིས་བསྒྱུར།