མཚོ་ནུབ་ཁུལ་གྱིས2025ལོའི་ཚན་རྩལ་བྱ་འགུལ་གྱི་གཟའ་འཁོར་དང་ཚན་རྩལ་ལས་དོན་པའི་ཉིན་མོའི་བྱ་འགུལ་སྤེལ།
2025.05.27 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ5པའི་ཚེས26ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི2025ལོའི་ཚན་རྩལ་བྱ་འགུལ་གཟའ་འཁོར་དང་ཚན་རྩལ་ལས་དོན་པའི་ཉིན་མོའི་བྱ་འགུལ་གཏེར་ལེན་ཁ་གྲོང་ཁྱེར་གྱི་དཀྱིལ་སྙིང་ཐང་ཆེན་དུ་དངོས་སུ་སྤེལ་མགོ་བརྩམས་པ་དང་བསྟུན་ནས། གྲུབ་འབྲས་འགྲེམ་སྟོན་དང་ཚན་རིག་ཁྱབ་གདལ་མཉམ་འགུལ། གསར་གཏོད་ཀྱིས་སྟོབས་ནུས་སྩོལ་བ་བཅས་གཞི་གཅིག་ཏུ་འདུས་པའི་ཐིམ་སིམ་རྣམ་པའི་ཚན་རྩལ་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཏེ། ཚན་རྩལ་གྱིས་འཚོ་བར་འགྱུར་ལྡོག་བཏང་བའི་སྣང་ཚུལ་ཕྱོགས་ཡོངས་ནས་མངོན་པར་བྱས།

བྱ་འགུལ་ལས་གསར་གཏོད་འཕེལ་རྒྱས་བཏང་ནས་ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་ཅེས་པ་བརྗོད་གཞིར་བྱས་ཏེ། མཚོ་ནུབ་ཁུལ་ཚན་རིག་ལག་རྩལ་ཅུའུ་དང་ཁུལ་ཨུའི་དྲིལ་སྒྲོག་པུའུ། ཁུལ་ཚན་རིག་ལག་རྩལ་མཐུན་ཚོགས་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་དང་། བྱ་འགུལ་སྤེལ་བའི་སྐབས་སུ། ཚན་རིག་ཁྱབ་གདལ་འགྲེམ་སྟོན་དང་གནམ་དཔྱད་ལྟ་ཞིབ། ལྟ་ཞིབ་ཞིབ་སློབ་སོགས་ཁྱད་ལྡན་བྱ་འགུལ་ཉི་ཤུ་ལྷག་སྤེལ་རྒྱུ་རེད། བྱ་འགུལ་གྱི་ཡུལ་དངོས་སུ། ཁྲིམས་ལུགས་དྲིལ་སྒྲོག་དང་གྲུབ་འབྲས་འགྲེམ་སྟོན། བརྗོད་གཞི་ཁྱབ་གདལ་བཅས་ཀྱི་འཕྲེད་བྱང་དང་འགྲེམ་བྱང་། གནམ་དཔྱད་རྒྱང་ཤེལ་སོགས་མཉམ་འགུལ་གྱི་འགྲེམ་སྟོན་སྒམ་ཆུང་ལ་བརྟེན་ནས། སྤྱི་དམངས་ལ་མཚོ་ནུབ་ཁུལ་གྱི་ཚན་རྩལ་གསར་གཏོད་གྲུབ་འབྲས་འགྲེམ་སྟོན་བྱས་པ་དང་། ཚན་རིག་ཤེས་བྱ་ཁྱབ་གདལ་བཏང་ལ། སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་སྔར་ལས་མཐོར་འདེགས་བཏང་སྟེ། ཚན་རིག་དང་དཔལ་འབྱོར་སྤྱི་ཚོགས་མཉམ་འདྲེས་ཟབ་མོ་བྱེད་པར་སྐུལ་འདེད་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་། མཚོ་ནུབ་ཁུལ་གྱིས་ཚན་རྩལ་གསར་གཏོད་ཁྱབ་ཁོངས་སུ་གྲུབ་འབྲས་ལེགས་པོ་བླངས་པ་སྟེ། བསྟུད་མར་ལོ་གཉིས་ལ་ཞིང་ཆེན་སྲིད་གཞུང་གིས་གསར་གཏོད་སྒུལ་ནུས་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པའི་གྲུབ་འབྲས་མངོན་གསལ་ཐོབ་པའི་ཁུལ་གྱི་མཚན་སྙན་ཐོབ་པ་དང་། རྒྱལ་ཁབ་རིམ་པའི་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞིའི་སྟོང་ཆ་བསྐངས་ཤིང་། ཀྲུང་དབྱང་དང་ཡང་ན་ཞིང་ཆེན་རིམ་པའི་ཚན་རྩལ་ལས་གཞི་བརྒྱ་དང་བརྒྱད་དང་། མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་བཏང་ལ། ལག་རྩལ་གསར་བའི་ཁེ་ལས་དང་ཁེ་ལས་ཆུང་བའི་ཁ་གྲངས་ལོ་རེར་ཇེ་མང་དུ་ཕྱིན།

ལྷ་མོ་འཚོས་བསྒྱུར།