མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོའི་ཁང་གིས་རྒྱུན་མཐུད་ངང་རྡུལ་ཕྲན་མཁར་གྱི་ལོ་རྒྱུས་དང་འདེལ་གཉིས་སྐར་གཅིག་གི་བསམ་བློའི་ནང་དོན་སྔོག་འདོན་བྱས་ནས་བཀོད་སྤྱོད་བྱས་པ་དང་། འཚོལ་ཞིབ་བྱས་ཏེ་སྔར་ལས་འགུག་ཤུགས་ལྡན་པ་དང་། སྔར་ལས་དངོས་ཕན་རང་བཞིན་ལྡན་པའི་དམར་པོའི་ཞིབ་འཇུག་སློབ་སྦྱོང་གི་ཐབས་ལམ་འཚོལ་ཞིབ་བྱས། ཟླ5པའི་ཚེས9ཉིན་བར། དམར་པོའི་ཞིབ་འཇུག་སློབ་སྦྱོང་ཚོགས་པ108བསུ་མ་བྱས་པ་དང་། མི་གྲངས་ཁྲི་གཅིག་སྟོང་གཅིག་བདུན་བརྒྱ་གྱ་ལྔ་ཟིན། ངོ་སྤྲོད་ཐེངས་གྲངས་བརྒྱ་དང་ལྔ་བརྒྱད་མཁོ་འདོན་བྱས་པ་དང་། ནུས་ལྡན་སྒོས་དམར་པོའི་ཞིབ་འཇུག་སློབ་སྦྱོང་གསོན་ཉམས་ལྡན་པར་བཏང་།
རྡུལ་ཕྲན་མཁར་དྲན་གསོ་ཁང་གིས་རྒྱུན་མཐུད་ངང་སྔོན་ཐོན་མཛད་རྗེས་དང་དམར་དམག་གི་གཏམ་རྒྱུད། རིག་དངོས་གཙོ་བོ་སོགས་ཀྱི་ནང་དོན་སྔོག་འདོན་དང་ལེགས་སྒྲིག་བྱས། ད་ལོའི་ཚུན་ལ། སྔ་རྗེས་སུ་པེ་ཅིང་དང་ཀན་སུའུ་སོགས་སུ་བསྐྱོད་དེ་སྔོན་ཆད་ཀྱི་རྟེན་གཞི221ཡི་སྲུང་སྐྱོབ་དམག་དཔུང་གི་འཐབ་མོ་བ་རྒན་པ་དང་ཉིང་རྡུལ་ནུས་པའི་མི་རབས་གཉིས་པ་ཁག་ཅིག་ལ་གཅིག་བསྡུས་འཚམས་འདྲི་བྱས་ཏེ། ངག་ཐོག་གི་ལོ་རྒྱུས་ཀྱི་དཔྱད་གཞི་40ལྷག་ཙམ་དང་དངོས་རྫས50ལྷག་ཙམ་བསྡུ་རུབ་བྱས། ཆེད་མཁས་པ་གདན་འདྲེན་ཞུས་ནས་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་གསལ་འབྱེད་བྱ་བ་སྤེལ་བ་དང་གསར་བརྗེའི་རིག་དངོས་རྩ་ཆེ273གསལ་འབྱེད་བྱས་ནས་དམར་པོའི་རིག་གནས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་། དམར་པོའི་ཞིབ་འཇུག་སློབ་སྦྱོང་དང་ན་གཞོན་ལོ་ཆུང་སློབ་མའི་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློའི་སློབ་གསོར་དམིགས་ནས་གསར་བརྗེའི་རིག་དངོས་ཞིབ་འཇུག་དང་འགྲེལ་བཤད་ལ་ཤུགས་སྣོན་བརྒྱབ་སྟེ་དམར་པོའི་གནས་ཚུལ་ཀུན་ལ་བསྒྲགས།
དྲ་ཐོག་དང་ཡུལ་དངོས་ནས་གསོ་སྦྱོང་འཛིན་གྲྭ་སྤེལ་བ་དང་། འགྲེལ་བཤད་པའི་ལས་སྒོའི་ནུས་པ་མཐོར་འདེགས་བཏང་། ལོ་ཚོད་མི་གཅིག་པའི་སློབ་མར་རང་དང་འཚམ་པའི་སློབ་ཚན་གཏན་འཁེལ་བྱས་ཏེ་ཞིབ་འཇུག་སློབ་སྦྱོང་བྱ་འགུལ་གྱི་སྤྲོ་སྣང་རང་བཞིན་དང་མཉམ་འགུལ་རང་བཞིན་ཇེ་དྲག་ཏུ་བཏང་། རྡུལ་ཕྲན་མཁར་གྱི་དམར་པོའི་རིག་གནས་བརྗོད་སྙིང་ལ་དམིགས་ནས། ཁྱད་ལྡན་ཐོན་ལས་གཏིང་ཟབ་སྒོས་སྔོག་འདོན་དང་། སྐད་འཕྲིན་གྱི་སྤྱི་སྟེགས་དང་འཁྱུག་དབྱངས་སོགས་སྟེགས་བུ་བེད་སྤྱད་ནས། དམར་པོའི་གཏམ་རྒྱུད་དང་རིག་དངོས་གཏམ་རྒྱུད་སྒྲིག་བཟོ་བྱས་ཏེ། བོད་རྒྱ་སོག་གསུམ་བཅས་ཀྱི་སྐད་ཡིག་ལམ་ནས་ངོ་སྤྲོད་བྱེད་པའི་ནང་དོན་སོགས་ལས་དམར་པོའི་རིག་གནས་ཀྱི་ཁྱབ་སྤེལ་ནུས་པ་དང་ཤུགས་རྐྱེན་མཐོར་འདེགས་བཏང་།
ཏིང་འཛིན་མཚོ་མོས་བསྒྱུར།