མཚོ་བྱང་ཁུལ་གྱིས་གསོག་འཇོག་ལས་གཞི517ཇུས་འགོད་བྱས།
2025.05.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས28ཉིན། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་བྱང་ཁུལ་གྱིས་སྟོབས་ཤུགས་ཡོད་རྒུས་ལས་གཞི་ཇུས་འགོད་དང་ཡིག་ཐོག་སྙན་ཞུ། ལས་གཞི་ཐོ་འགོད་དང་འཛུགས་སྐྲུན་བཅས་ཕྲེང་འབྲེལ་ཧྲིལ་བོའི་དོ་དམ་ལ་སྐུལ་འདེད་བཏང་། ད་ལོར། བསྡོམས་པས་གསོག་འཇོག་ལས་གཞི517ཇུས་འགོད་བྱས་པ་དང་། བསྡོམས་པས་མ་དངུལ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་དགུ་དུང་ཕྱུར་ལྔ་བྱེ་བ་གསུམ་ས་ཡ་དགུ་བཏང་ལ། མིག་སྔར་རྒྱལ་ཁབ་ཀྱི་ལས་གཞི69བརྩོན་ལེན་དང་ལག་བསྟར་བྱས་པ་དང་། མ་དངུལ་སྒོར་ཐེར་འབུམ་གཅིག་དང་བྱེ་བ་གཅིག་དང་ས་ཡ་དྲུག་བཏང་།

མཚོ་བྱང་ཁུལ་གྱིས་ལོ་ཧྲིལ་བོའི་དམིགས་འབེན་ལ་དམིགས་ནས་བྱེ་བྲག་གི་ལས་འགན་ཇེ་ཞིབ་ཏུ་བཏང་བ་དང་། 2025ལོའི་ཁུལ་རིམ་པའི་འགོ་ཁྲིད་ཀྱིས་ལས་གཞི་གལ་ཆེན་འགན་ལེན་བྱེད་པ་དང་སྐུལ་འདེད་གཏོང་བའི་སྐོར་གྱི་བརྡ་སྦྱོར་གཏན་འབེབས་དང་པར་འགྲེམས་བྱས་ཏེ། ཁུལ་རིམ་པའི་འགོ་ཁྲིད་ཀྱིས་ལས་གཞི་གལ་ཆེན་སུམ་ཅུ་འགན་ལེན་བྱས། ཟླ1པོ་ནས་ཟླ4པའི་བར་དུ། ཁུལ་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་ཀྱི་དངུལ་གཏོང་ཚད་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་སུམ་ཅུ་ལྷག་ཇེ་མང་དུ་སོང་བ་དང་། དེ་ཞིང་ཆེན་གྱིས་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་ལས་མཐོ། ལས་གཞི་འཛུགས་སྐྲུན་བྱེད་ཚད་བརྒྱ་ཆའི་དགུ་བཅུ་ལ་སྤེབས་པ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར5.77བཏང་ལ། དེས་ཁུལ་ཡོངས་ཀྱི་མ་དངུལ་གཏོང་གི་བརྒྱ་ཆའི་རེ་གསུམ་དང་གྲངས་ཆུང་ལྔ་ཟིན།

ད་ལོར། མཚོ་བྱང་ཁུལ་གྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཚོང་འགུག་བྱེད་ཤུགས་ཇེ་ཆེར་བཏང་བ་དང་ལས་གཞི་ཇུས་འགོད་ལ་ཤུགས་བསྣན། མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་གིས་གཙོ་བོར་གྲོ་མའི་སྤུས་ལེགས་ལས་སྣོན་དང་མཐོ་སྒང་གི་བ་མོ་གསོ་སྤེལ་སོགས་ལས་གཞིར་ཇུས་འགོད་བྱས་པ་དང་། མདོ་ལ་རྫོང་གིས་གཙོ་བོར་མདོ་ལ་རི་བོའི་ལྷོ་རྒྱུད་ཐེན་ཕིན་ཆུ་བོའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཉམས་གསོ་སོགས་ཀྱི་ལས་གཞི་ཇུས་འགོད་བྱས། རྐང་ཚ་རྫོང་གིས་གཙོ་བོར་ཚྭ་འདམ་གཞོང་ཞན་ཧྥིན་སོལ་གཏེར་གྱི་ས་གཤིས་གནོད་འཚེའི་བདེ་འཇགས་ཉེན་ཁ་བཅོས་སྐྱོང་དང་སྐྱེ་ཁམས་ཉམས་གསོ་སོགས་ལས་གཞི་ཇུས་འགོད་བྱས་པ་དང་། མདའ་བཞི་རྫོང་གིས་གཙོ་བོར་མཚོ་སྔོན་པོའི་མཐོན་པོ་རིའི་རང་བྱུང་སྐྱེ་ཁམས་ཉམས་ལེན་རྟེན་གཞིའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་སོགས་ཀྱི་ལས་གཞི་ཇུས་འགོད་བྱས།