《2024ལོའི་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས།
2025.05.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས28ཉིན། ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་རྩ་འཛུགས་བྱས་ཏེ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཚོགས་པ་དང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱི་ཐིན་ཀྲང་གཞོན་པ་ལིའུ་ཅན་ཡུས་ཀྱིས《2024ལོའི་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས། 2024ལོར། ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་དམིགས་ཚད་གཞི་གྲངས55.49ཡིན་པ་དང་། སྐྱེ་ཁམས་སྤུས་ཚད་རིགས་ཀྱི་རིམ་པ་གཉིས་ཅན་གཙོ་བོར་འཛིན་པ་དང་། 2023ལོ་དང་བསྡུར་ན་འགྱུར་ལྡོག་མངོན་གསལ་མེད། རྨ་འབྲུ་རྫ་གསུམ་འབྱུང་ཡུལ་དང་། མདོ་ལོའི་རི་ཁུལ། མཚོ་སྔོན་པོའི་བཞུར་བརྒྱུད་སོགས་ཁུལ་ཁོངས་གལ་ཆེན་གྱི་སྐྱེ་ཁམས་མ་ལག་ཆགས་ཚུལ་དང་སྐྱེ་ཁམས་སྤུས་ཚད་བརྟན་བརླིང་ངང་རྒྱུན་འཁྱོངས་བྱས་ཡོད།

2024ལོར། མཚོ་སྔོན་གྱིས་ཁྱོན་ཡོངས་ནས་རྒྱལ་ཁབ་གྱིས་གཏན་འཁེལ་བྱས་པའི་ལོ་ཧྲིལ་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་འབེན་འགན་འཁྲི་མང་པོ་ཡོངས་འགྲུབ་བྱས། ཆུའི་ཁོར་ཡུག་གི་སྤུས་ཚད་བཟང་པོ་རྒྱུན་མཐུད་ངང་རྒྱུན་འཁྱོངས་བྱས་པ་དང་། ས་ཁའི་ཆུ35ཡི་རྒྱལ་ཁབ་ཀྱི་དཔྱད་ཞིབ་ལྟ་ཞིབ་ཚད་ལེན་གྱི་ཆུའི་སྤུས་ཚད་རིགས་གསུམ་ཅན་གྱི་བསྡུར་ཚད་གྱི་བརྒྱ་ཆའི་བརྒྱ་ཟིན་པ་དང་ཡང་ན་དེ་ལས་མཐོ། མཚོ་སྔོན་པོའི་རྒྱལ་ཁབ་ཀྱིས་ལྟ་ཞིབ་ཚད་ལེན་ཚོད་འཛིན་བྱེད་ས་གཉིས་ཀྱི་ཆུའི་སྤུས་ཚད་ལ་རང་བྱུང་གི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད། ས་ཁའི་ཆུ62ཡིས་ཞིང་ཆེན་རིམ་པའི་ལྟ་ཞིབ་ཚད་ལེན་བྱས་པའི་ཆུའི་སྤུས་ཚད་རིགས་གསུམ་ཅན་གྱི་བསྡུར་ཚད་གྱི་བརྒྱ་ཆའི་གོ་བརྒྱད་གྲངས་ཆུང་བཞི་ཟིན། དེའི་ནང་། རྨ་ཆུའི་ཆུ་ལག་དང་འབྲི་ཆུ། རྫ་ཆུ། བར་དམ་ཆུ་བོའི་བཞུར་བརྒྱུད་བཅས་ཀྱི་ཆུའི་སྤུས་ཚད་རིགས་གཉིས་པ་ཅན་གྱི་ཡན་ཡིན་པ་དང་།  ཙོང་ཆུའི་བཞུར་བརྒྱུད་དང་། ཚྭ་འདམ་གཞུང་སའི་ནང་རྒྱུག་ཆུ་བོའི་ཆུའི་སྤུས་ཚད་རིགས་གསུམ་ཅན་གྱི་ཡན་སླེབས་ཡོད། ཙོང་ཆུའི་བཞུར་བརྒྱུད་སོ་གཉིས་ཀྱི་རྒྱལ་ཁབ་དང་ཞིང་ཆེན་གྱི་རྟོག་ཞིབ་ཚད་ལེན་གྱི་ལོ་རེའི་ཆུའི་སྤུས་ཚང་མ་རིགས་གཉིས་ཅན་དང་དེའི་ཡན་དུ་བསླེབས་ནས་ཆུ་སྤུས་ཀྱི་གནས་ཚུལ་ལེགས་པོ་རེད། ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ50ཡི་གཅིག་བསྡུས་རྣམ་པའི་འཚོ་བའི་འཐུང་ཆུའི་ཆུ་ཁུངས་ཀྱི་ཆུའི་སྤུས་ཚད་བརྟན་འཇགས་ཡོང་བ་རྒྱུན་འཁྱོངས་བྱས་པ་དང་། རྒྱལ་ཁབ་ཀྱི་དཔྱད་ཞིབ་ནང་བཅུག་པའི་རྫོང་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་གྱི་གཅིག་བསྡུས་རྣམ་པའི་འཐུང་ཆུའི་ཆུ་ཁུངས་ཀྱི་ཆུའི་སྤུས་ཚད་རིགས་གསུམ་པར་སླེབས་ཡོད།

ཏིང་འཛིན་མཚོ་མོས་བསྒྱུར།