ཟླ5པའི་ཚེས31ཉིན། རྒྱལ་ཡོངས་ན་ཆུང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་ན་ཆུང་གདོང་ལེན་རུ་མིའི་བསྡོམས་རྩིས་གཞི་གྲངས་གཙོ་བོ་ཁྱབ་བསྒྲགས་བྱས་པ་དང་། 2024ལོའི་ཟླ12པའི་ཚེས31ཉིན་བར། རྒྱལ་ཡོངས་སུ་བསྡོམས་པའི་ལོ་ཆུང་གདོང་ལེན་རུ་མི་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ས་ཡ་གསུམ་ཡོད་པ་དང་། སློབ་གྲྭ་འབྲིང་ཆུང་གི་ན་ཆུང་གདོང་ལེན་རུ་ཁག་དང་རུ་འབྲིང་གི་ཟུར་ཁྲིད་མི་སྣ་ས་ཡ་གསུམ་དང་ཁྲི་ལྔ་སྟོང་བཞི་ཡོད། སློབ་གྲྭ་འབྲིང་ཆུང་གི་ལོ་ཆུང་བྱ་བའི་ཨུ་ཡོན་ལྷན་ཁང་འབུམ་གཅིག་དང་ཁྲི་བདུན་སྟོང་དྲུག་དང་། ན་ཆུང་གདོང་ལེན་རུ་ཁག་གི་རུ་ཆེན་འབུམ་གཅིག་དང་ཁྲི་བདུན་སྟོང་དགུ་དང་། རུ་འབྲིང་ས་ཡ་གཉིས་དང་འབུམ་བརྒྱད་ཁྲི་བདུན་སྟོང་བཞི་བཅས་ཡོད།