ཟླ5པར། ཀྲུང་གོའི་ཟོང་འགྲུལ་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་དང་། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་ཀྲུང་གོའི་ཉོ་སྒྲུབ་སྤྱི་གཉེར་བའི་སྟོན་གྲངས་ཁྱབ་བསྒྲགས་བྱས། བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་སྤྱི་གཉེར་བའི་སྟོན་གྲངས་འཕར་ཚད་མངོན་གསལ་སྒོས་ཇེ་ལེགས་སུ་སོང་ཡོད་ལ། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོ་ཇེ་མགྱོགས་དང་དར་རྒྱས་ཀྱི་ཆུ་ཚད་ཇེ་ལེགས་སུ་སོང་ཡོད།
ཟླ5པར་ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་སྤྱི་གཉེར་པའི་སྟོན་གྲངས་བརྒྱ་ཆའི་ཞེ་དགུ་དང་གྲངས་ཆུང་ལྔ་ཟིན་པ་དང་། ཟླ་སྔོན་མ་ལས་བརྒྱ་ཆའི་ཐིག་ཚེག་ལྔ་འཕར། ཡན་ལག་རྣམ་གྲངས་གཙོ་བོའི་སྟོན་གྲངས་ལ་བལྟས་ན། ཐོན་སྐྱེད་ཀྱི་སྟོན་གྲངས་བརྒྱ་ཆའི་ལྔ་བཅུ་དང་གྲངས་ཆུང་བདུན་ཟིན་ཡོད་པ་དང་། ཟླ་སྔོན་མ་ལས་བརྒྱ་ཆའི་ཐིག་ཚེག་དགུར་འཕར་ཏེ་སླར་ཡང་རྒྱ་སྐྱེད་ཁྱབ་ཁོངས་སུ་སླེབས་ནས་བཟོ་སྐྲུན་ལས་རིགས་བྱེད་སྒོ་ཇེ་མགྱོགས་སུ་སོང་།
གཙོ་གནད་ལས་རིགས་ཕྱོགས་ནས། སྒུལ་ནུས་གསར་པའི་ཐོན་སྐྱེད་བྱེད་སྒོའི་འཕར་སྣོན་མགྱོགས་ཙམ་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་སྤྱི་གཉེར་བའི་སྟོན་གྲངས་བསྟུད་མར་ཟླ་བ་བཞི་ལ་རྒྱ་བསྐྱེད་པའི་ཁོངས་སུ་སླེབས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། སྒྲིག་ཆས་བཟོ་སྐྲུན་ལས་རིགས་དང་འཛད་རྫས་ལས་རིགས་ཀྱི་དར་རྒྱས་ཆུ་ཚད་ཚང་མ་བསྐྱར་འཕར་བྱུང་། ཟླ5པར་ཉོ་སྒྲུབ་སྤྱི་གཉེར་བའི་སྟོན་གྲངས་རྒྱ་སྐྱེད་ཀྱི་བར་མཚམས་སུ་འཕར་ནས་བཟོ་སྐྲུན་ལས་རིགས་ཀྱི་ཐོན་སྐྱེད་བྱེད་སྒོ་སྤྱི་ཡོངས་ནས་བསྐྱར་འཕར་བྱུང་།
ཁེ་ལས་ཆེ་གྲས་སླར་གསོ་ཚད་མགྱོགས་ཤིང་ཉོ་སྒྲུབ་སྤྱི་གཉེར་བའི་སྟོན་གྲངས་བརྒྱ་ཆའི་ལྔ་བཅུ་དང་གྲངས་ཆུང་བདུན་ཟིན་ནས་ཟླ་སྔོན་མའི་འཕར་ཚད་དལ་བ་དེ་སླར་ཡང་རྒྱ་སྐྱེད་ཀྱི་བར་མཚམས་སུ་ལོག ཁེ་ལས་ཆུང་གྲས་ཀྱི་དར་རྒྱས་ཆུ་ཚད་ཀྱང་ཇེ་ལེགས་སུ་སོང་ཡོད་པ་རེད།
གཞན་ཡང་ཟླ5པར་ཐོན་སྐྱེད་གཉེར་སྐྱོང་བའི་བྱེད་སྒོའི་སྔོན་དཔག་སྟོན་གྲངས་བརྒྱ་ཆའི་ང་གཉིས་དང་གྲངས་ཆུང་ལྔ་ཟིན་པ་དང་། ཟླ་སྔོན་མ་ལས་བརྒྱ་ཆའི་ཐིག་ཚེག་བཞི་ལ་འཕར་བ་དང་། བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱིས་ཚོང་ར་འཕེལ་རྒྱས་འགྲོ་བར་ཡིད་ཆེས་ཇེ་བརྟན་དུ་སོང་།
ཀྲུང་གོ་ཟོང་འགྲུལ་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚའེ་ཅིན་གྱིས་བཤད་རྒྱུར། མ་འོངས་པར་དཔལ་འབྱོར་འཁོར་སྐྱོད་ཀྱི་ངོས་ནས་བཤད་ན། ཁྲོམ་ར་སྤྱིའི་འཕེལ་ཚད་ལེགས། ཀྲུང་གོའི་དཔལ་འབྱོར་འཁོར་སྐྱོད་བྱེད་པའི་བརྒྱུད་རིམ་ཁྲོད་ད་དུང་ལྷག་ཏུ་བརྟན་ཞིང་མཉེན་ཤུགས་སྔར་ལས་ཆེ་རུ་ཕྱིན།