“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཐེངས75པ་སླེབས་པའི་སྐབས་འདིར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་རྩ་འཛུགས་ཀྱིས“ན་ཆུང་བྱིས་པའི་སེམས་པ་ཏང་ལ་ཕྱོགས་པའི”བརྗོད་དོན་ལ་དམ་པོར་དམིགས་ནས། སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་རབ་དང་རིམ་པར་ཇུས་འགོད་ཞིབ་ཚགས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་བྱིས་པ་ཚོར་སྤྲོ་སྣང་ལྡན་ལ་དོན་སྙིང་ཆེ་བའི་དུས་ཆེན་གྱི་བྱེད་སྒོ་སྤེལ། “དྲུག་གཅིག”གི་སྔོན་དུ། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྔ་རྗེས་སུ་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སོགས་སུ། “ལོ་ཆུང་གི་བསམ་པ་ཤེས་རྟོགས་གསལ་སྟོན་བྱེད་པའི་འཆར་གཞི”སྤེལ་བ་དང་། སློབ་མའི་སེམས་ཁམས་ཚད་ལེན་ཚོད་ལྟ་དང་ཁྱིམ་བདག་གི་ཚན་རིག་ཁྱབ་སྤེལ་འཆད་ཁྲིད་སྤེལ་ཏེ། ཁྱིམ་ཚང་དང་སློབ་གྲྭའི་སེམས་ཁམས་བདེ་ཐང་མཉམ་ལས་བྱེད་སྟངས་བཙུགས་ནས། ནར་མ་སོན་པའི་མིའི་སེམས་ཁམས་བདེ་ཐང་ལ་སྲུང་སྐྱོབ་བྱས། 2025ལོའི“དཔྱིད་གྱི་གང་བུའི་འཆར་གཞིའི”ལང་ཚོའི་དུས་ཀྱི་བདེ་ཐང་སློབ་གསོ་སློབ་གྲྭར་བསྐྱོད་པའི་བྱེད་སྒོ་རྩ་འཛུགས་སྒོས་སྤེལ་ཏེ། ལངས་གཟུགས་རྣམ་པའི་གསོ་སྦྱོང་དང་བརྗེ་རེས་ལས་སྒོ་སྤེལ་བ་བརྒྱུད་དེ། བྱིས་པ་མོ་དང་ཁྱིམ་བདག དགེ་རྒན་སོགས་ཀྱི་ཚོགས་སྤྱིར་བདེ་ཐང་ཤེས་བྱ་དང་སྲུང་སྐྱོབ་རྩལ་ནུས་བརྒྱུད་སྤྲོད་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།