བྱང་ཕྱོགས་ས་ཁུལ་གྱི་དགུན་དུས་དག་གཙང་དྲོད་རླངས་དང་བཟོ་ལས་ཁེ་ལས་ཀྱི་གཏིང་ཟབ་བཅོས་སྐྱོང་། སྤོ་འགུལ་ཁུངས་ཀྱི་དོ་དོམ་སོགས་ལས་གཞི་ལག་བསྟར་བྱས་ཏེ། འབར་རླངས་ཁྲོ་ཐབ་ཀྱི་ཏན་ཉུང་ལེགས་བཅོས་ཏུན218དང་། ཁྱིམ་གྲངས་ཁྲི་བདུན་སྟོང་བརྒྱད་དྲུག་བརྒྱའི་རྡོ་སོལ་སིལ་མ་ལེགས་བཅོས། རླངས་འཁོར་རྙིང་བ་ཁྲི་གཅིག་སྟོང་དྲུག་ལྷག་བེད་མེད་དུ་གཏོང་བ་བཅས་ལེགས་འགྲུབ་བྱས་ཡོད། རྨ་ཆུའི་བཞུར་རྒྱུན་དང་འབྲི་ཆུ། རྫ་ཆུ། ཆུ་ནག་འབབ་རྒྱུད་མངའ་ཁོངས་ཀྱི་ཆུ་སྤུས་ཚད་རིམ་གཉིས་པ་དང་དེའི་ཡན་ལ་སླེབས་ཡོད། ས་རྒྱུའི་འབབ་བཙོག་འབྱུང་ཁུངས་ཀྱི་དོ་དམ་ཚོད་འཛིན་ལས་གཞི་གལ་ཆེན་གོ་རིམ་ལྡན་པའི་ངང་སྐུལ་འདེད་བྱས་པ་དང་། སྔོན་ལ་ལྟ་སྐུལ་དོ་དམ་བྱེད་པའི་ས་ཁུལ་གྱི་གསལ་ཐོ་འཛུགས་པ་དང་བདག་ཉར་ཚོད་འཛིན་གྱི་བྱེད་ཐབས་ལག་བསྟར་བྱས། ཟླ5བའི་ཚེས28ཉིན། 《2024ལོའི་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་སྤྱི་བསྒྲགས》སྤེལ་བ་དང་། མཚོ་སྔོན་གྱིས་ཐབས་མང་མཉམ་སྤྱོད་སྒོས་བཙོག་སྐྱོན་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་གཏིང་ཟབ་ཀྱིས་སྤེལ་ནས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་དང་སྤུས་དག་སྐྱེ་ཁམས་ཁོར་ཡུག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གདེགས་སྐྱོར་བྱས་ཡོད།
གཏིང་ཟབ་པའི་སྒོ་ནས་མཁའ་དབུགས་སྲུང་སྐྱོབ་དམག་འཐབ་སྤེལ་བ་དང་། 《མཚོ་སྔོན་ཞིང་ཆེན་མཁའ་དབུགས་སྤུས་ཚད་རྒྱུན་མཐུད་ལེགས་བཅོས་ཀྱི་འགུལ་སྤྱོད་འཆར་གཞིའི་ལག་བསྟར་ཇུས་གཞི》བཟོ་བ། 《མཚོ་སྔོན་ཞིང་ཆེན་བཙོག་སྐྱོན་ཚབས་ཆེན་ཡིན་པའི་གནམ་གཤིས་ཀྱི་བྲེལ་མྱུར་སྔོན་ཇུས(2024)》ལ་བཟོ་བཅོས་བྱེད་པ། གནམ་གཤིས་བཙོག་སྐྱོན་ཚབས་ཆེན་གྱི་ཁ་གཏད་རྐྱེན་སྲོལ་ལེགས་སྒྱུར་བྱེད་པ། མཁའ་དབུགས་སྤུས་ཚད་ཀྱི་ལྟ་ཞིབ་ཚད་ལེན་གཞི་གྲངས་ཀྱི་དུས་ཐོག་འགྱུར་ལྡོག་གི་འཕེལ་ཕྱོགས་ལ་དོ་སྣང་བྱེད་པ། གནད་ཁེལ་ལེགས་བཅོས་ལག་བསྟར་བྱེད་པ། ཧུར་བརྩོན་སྒོས་བྱེ་རླུང་གནམ་གཤིས་སོགས་རང་བྱུང་ཆ་རྐྱེན་གྱི་ཤུགས་རྐྱེན་འོག་གི་བཙོག་སྐྱོན་ལ་ཁ་གཏད་འཇལ་བའི་དོ་དམ་དང་ཚོད་འཛིན་བྱེད་ཐབས་ལེགས་པར་བསྒྲུབ་པ། རྒྱུན་མཐུད་ངང་དག་གཙང་ཆུའི་སྲུང་སྐྱོབ་དམག་འཐབ་ལ་སྐུལ་འདེད་བཏང་ནས། འབབ་རྒྱུད་གཙོ་བོ་ཁག་གི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཆར་འགོད་དང་རྨ་ཆུའི་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་། འབྲུ་ཆུའི་སྲུང་སྐྱོབ་སླར་གསོའི་འགག་སྒྲོལ་དམག་འཐབ་ཀྱི་འགུལ་སྐྱོད་ཇུས་གཞིའི་དུས་དཀྱིལ་དཔྱད་འཇོག་བྱེད་བ། གཙོ་གནད་བཟོ་ལས་གླིང་ཁུལ་གྱི་ཆུའི་བཙོག་སྐྱོན་གནད་དོན་གྱི་དག་བཤེར་བཅོས་སྐྱོང་ལ་སྐུལ་འདེད་བྱེད་པ། གོམ་གང་མདུན་སྤོས་སྒོས་གླིང་ཁུལ་གྱི་བཙོག་ཆུའི་བསྡུ་རུབ་དང་གཙང་སེལ་ནུས་པ་མཐོར་འདེགས་གཏོང་བ། གྲོང་ཁྱེར་དང་རྫོང་མཁར་འཛུགས་སྐྲུན་ཁུལ་གྱི་བཙོག་ཆུ་དག་བཤེར་བཅོས་སྐྱོང་བྱ་བ་རྩ་འཛུགས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གཙོ་གནད་འབབ་རྒྱུན་གྱི་བཙོག་འབུད་མདོ་ཁའི་དག་བཤེར་ཁུངས་འདེད་དང་ལོ་རེའི་དག་བཅོས་ལས་འགན་ཡོངས་འགྲུབ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ས་གནས་རིམ་པ་དང་རྫོང་རིམ་པ། གྲོང་སྡེ་བཅས་ཀྱི་གཅིག་བསྡུས་རྣམ་པའི་བཏུང་ཆུའི་མགོ་ཁུངས་ཀྱི་ཆུའི་སྤུས་ཚད་ཀྱི་ཆེད་དོན་བརྟག་དཔྱད་ལེགས་འགྲུབ་བྱས། གྲོང་རྡལ་མན་གྱི་གཅིག་བསྡུས་རྣམ་པའི་བཏུང་ཆུའི་མགོ་ཁུངས་སྲུང་སྐྱོབ་ཁུལ་གྱི་དབྱེ་འབྱེད་གཏན་འབེབས་དང་ཚད་གཞི་བཟོས། གོ་རིམ་ལྡན་པའི་ངང་ས་རྒྱུ་བཟང་བོའི་སྲུང་སྐྱོབ་དམག་འཐབ་སྤེལ་ནས། ཞིང་སའི་ས་རྒྱུའི་བཙོག་སྐྱོན་འབྱུང་ཁུངས་ལ་ལེགས་བཅོས་དང་། ལོ་རེའི་བཙོག་སྐྱོན་ཐེབས་པའི་རྨོ་ཞིང་གི་བདེ་འཇགས་བཀོལ་སྤྱོད་བྱ་བའི་འཆར་གཞི་པར་འགྲེམ་བྱེད་པ། ས་བོན་གྱི་རིགས་བརྗེ་བ་དང་ཆུ་ལུད་ལ་ཚོད་འཛིན་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་བཙོག་སྐྱོན་ཐེབས་པའི་རྨོ་ཞིང་གི་བདེ་འཇགས་བཀོལ་སྤྱོད་སྤྱོད་ལ་སྐུལ་འདེད་བྱས། གཙོ་གནད་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་མི་མངོན་རྐྱེན་ངན་གྱི་དག་བཤེར་བཅོས་སྐྱོང་གི་བསྐྱར་ཞིབ་དང་ཉེ་འབྲེལ་གྱི་ལྟ་ཞིབ་ཚད་ལེན་སྤེལ་ཏེ། ས་འོག་གི་ཆུའི་བཙོག་སྐྱོན་བཅོས་སྐྱོང་གི་དབྱེ་འབྱེད་ཁུལ་གྱི་གཏན་འབེབས་ལེགས་འགྲུབ་བྱས་པ་དང་། ས་འོག་གི་ཆུའི་རིགས་དབྱེ་དང་དབྱེ་འབྱེད་ཁུལ་གྱི་དོ་དམ་ལ་སྐུལ་འདེད་བྱས་པར་མ་ཟད། བཟོ་ལས་གླིང་ཁུལ་དང་ཉེན་ཁ་ཡོད་པའི་སྙིགས་རོ་སྦས་ས་གཞིར་བཟུང་ནས། ས་འོག་གི་ཆུའི་བཙོག་སྐྱོན་གནས་ཚུལ་ལ་ཞིབ་བཤེར་དང་དོ་དམ་ཚོད་འཛིན་བྱས།
གཏིང་ཟབ་པའི་ངང་སྲ་གཟུགས་སྙིགས་རོའི་བཅོས་སྐྱོང་བྱ་བར་སྐུལ་འདེད་བཏང་ནས། ཉེན་ཁ་ཅན་གྱི་སྙིགས་རོ་ཚད་གཞི་ཅན་ཏུ་གཏོང་བ་དང་ཁོར་ཡུག་ལྟ་ཞིབ་དོ་དམ་ལ་ཤུགས་སྣོན་པ། ཉེན་ཁ་ཅན་གྱི་སྙིགས་རོ་ཞིང་ཆེན་བར་དུ་སྐྱེལ་འདྲེན་བྱེད་པ་ལ་དོ་དམ་ནན་མོ་བྱེད་པ། ཁྲིམས་ལྟར་ཉེན་ཁ་ཅན་གྱི་སྙིགས་རོ་ཞིང་ཆེན་བར་དུ་སྐྱེལ་འདྲེན་བྱེད་པར་ནན་ཏན་སྒོས་ཞིབ་བཤེར་མཆན་འགོད་བྱེད་པ། ཉེན་ཁ་ཅན་གྱི་སྙིགས་རོའི་སྐྱེལ་འདྲེན་དང་གསོག་ཉར། བེད་སྤྱོད་གོ་རིམ་ཁྲོད་ཀྱི་ཁོར་ཡུག་གི་ཉེན་ཁ་བཅས་ལ་ཚོད་འཛིན་ནན་མོ་བྱེད་པ། རིམ་བཞིན“དག་གཙང་གྲུང་ཁྱེར”འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་གཏེར་སྙིགས་བང་མཛོད་ཀྱི་མངོན་མེད་རྐྱེན་ངན་ལ་དག་བཤེར་དང་བཙོག་སྐྱོན་དངོས་བོའི་བཅོས་སྐྱོང་ལ་འཕེལ་རྒྱས་བྱུང་ཡོད།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།