ལྔ་པའི་བ་བཞིའི་དུས་ཆེན་གྱི་ངལ་གསོའི་ཉིན་གཉིས་པར་ལམ་ཐུང་འགྲུལ་རྒྱུན་མངོན་གསལ་སྒོས་འཕར།
2025.06.02 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

གསར་འགོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་རྒྱུས་ལོན་པ་ལྟར་ན། ལྔ་པའི་བ་བཞིའི་དུས་ཆེན་གྱི་ངལ་གསོའི་ཉིན་གཉིས་པར། སྔོན་དཔག་བྱས་ན་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་བརྒལ་བའི་མི་སྣའི་འཁོར་རྒྱུག་བྱེད་ཚད་མི་ཐེངས་དུང་ཕྱུར་གཉིས་དང་ས་ཡ་གཅིག་ལས་བརྒལ་ནས་ན་ནིང་གི་ལྔ་པའི་བ་བཞིའི་དུས་ཆེན་གྱི་ངལ་གསོའི་ཉིན་གཉིས་པ་ལས6.2%ཀྱིས་འཕར་ཡོད།

སྔོན་དཔག་བྱས་ན་ཚེས་གཅིག་ཉིན་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་བརྒྱད་སྐྱེལ་འདྲེན་བྱ་རྒྱུ་ཡིན་ལ་འགྲུལ་སྐྱེལ་མེ་འཁོར658ཀྱིས་ཇེ་མང་དུ་བཏང་། ཧྲིན་ཀྲེན་ནས་ཞང་ཀང་དུ་འགྲོ་འོང་བྱེད་པ་དང་ཧར་པིན་ནས་ཁྲང་ཁྲུན་དུ་འགྲོ་འོང་བྱེད་པ་སོགས་ལམ་ཐག་ཐུང་སར་འགྲུལ་པ་མང་པོ་འདུས་ཡོད་དེ། གཞུང་ལམ་གྱི་འགྲུལ་བ་རྒྱུན་འཁོར་བྱེད་ཚད་མི་ཐེངས་དུང་ཕྱུར་གཅིག་དང་བྱེ་བ་དགུ་ཟིན་ལ། ཡུལ་སྐོར་གྲོང་ཁྱེར་ལ་འགྲོ་འོང་བྱེད་པའི་མྱུར་བགྲོད་གཞུང་ལམ་གྱི་ལམ་དུམ་ཁག་ཅིག་ཏུ་འཁོར་རིགས་འཚང་ཁ་ཆེ་བའི་སྣང་ཚུལ་ཡང་བྱུང་། རྒྱལ་ཡོངས་ཀྱི་གཞུང་ལམ་དྲ་བ་སྤྱིའི་ཆ་ནས་འཁོར་སྐྱོད་བདེ་བླག་རེད། རྒྱལ་ཡོངས་དམངས་སྤྱོད་མཁའ་འགྲུལ་གྱིས་ཚེས1ཉིན་འགྲུལ་པ་མི་ཐེངས་ས་ཡ་གཅིག་དང་འབུམ་བདུན་ཁྲི་ལྔ་སྐྱེལ་འདྲེན་བྱ་རྒྱུ་རེད།