མཚོ་སྔོན་གྱིས་མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་ནས་མང་ཚོགས་ཀྱི་བདེ་ཐང་དང་བདེ་སྐྱིད་ཆེ་རུ་བཏང་།
2025.06.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས30ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་རེའི་ཞིང་ཆེན་གྱིས་གྲོང་གསེབ་ཀྱི་བདེ་ཐང་ཁོར་ཡུག་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་དེ་བདེ་ཐང་མཚོ་སྔོན་འཐབ་ཇུས་ཀྱི་སྤྱིའི་བཀོད་སྒྲིག་ནང་བཅུག་ནས། ཞིང་ཆེན་གྱི《གྲོང་གསེབ་ཀྱི་བདེ་ཐང་ཁོར་ཡུག་འཛུགས་སྐྲུན་བྱེད་པའི་ལག་བསྟར་ཇུས་གཞི》དང་། 《གྲོང་གསེབ་ཀྱི་བདེ་ཐང་ཐོན་ལས་འཕེལ་རྒྱས་གཏོང་བའི་ལག་བསྟར་ཇུས་གཞིའི》བཀོད་སྒྲིག་ལྟར་དུ། ཞིང་ཆེན་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་སྐྱེ་ཁམས་ཁོར་ཡུག་ཐིན། སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་ཐིན་སོགས་སྡེ་ཁག་དུ་མ་དང་མཉམ་དུ། བདེ་ཐང་གི་གྲོང་གསེབ་འཛུགས་སྐྲུན་ལས་སྒོ་གོ་རིམ་ལྡན་པའི་ངང་སྤེལ་ཏེ། “སྐྱེ་ཁམས་བདེ་སྡོད་དང་བདེ་ཐང་འཆམ་མཐུན”གྱི་གྲོང་གསེབ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འབད་པས་བསྐྲུན་པ་དང་། མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་ནས། རོང་འབྲོག་མང་ཚོགས་ཀྱི་བདེ་ཐང་དང་བདེ་སྐྱིད་ཀྱི་ཚད་མངོན་སུམ་སྒོས་ཇེ་མཐོར་བཏང་།

རང་རེའི་ཞིང་ཆེན་གྱིས་རོང་འབྲོག་ཁུལ་ལ་ཆུ་མཁོ་འདོན་དང་བཙོག་ཆུ་ཕྱིར་འབུད་གཏོང་བ་དང་། གད་སྙིགས་གཙང་སེལ་བྱེད་པ་སོགས་ཀྱི་སྒྲིག་ཆས་ལ་མ་དངུལ་གཏོང་ཤུགས་སྔར་ལས་ཆེ་རུ་གཏོང་བ། འཐུང་ཆུ་བདེ་འཇགས་ཡིན་པ་དང་བཙོག་ཆུ་ཚད་གཞི་དང་བསྟུན་ནས་ཕྱིར་གཏོང་བྱེད་པ། གད་སྙིགས་དུས་ཐོག་ཏུ་གཙང་སེལ་བཅས་བྱ་རྒྱུའི་ཐད་ནས་འགན་ལེན་གང་ལེགས་བྱེད་རྒྱུ་ཡིན་པ་ལས་གཞན། གྲོང་ཚོ་གཙང་དག་བཟོས་ནས། གྲོང་གསེབ་དང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་མུ་མཐུད་ཇེ་ལེགས་སུ་གཏོང་བ་དང་། ཆུ་མཁོ་འདོན་དྲ་རྒྱའི་སྒྲིག་ཆས་སྔར་ལས་ཇེ་ལེགས་སུ་གཏོང་བ། གྲོང་གསེབ་ཀྱི་གཞི་ཁྱོན་ཅན་གྱི་ཆུ་མཁོ་འདོན་བཟོ་བཀོད་འཛུགས་སྐྲུན་དང་ཆུ་མཁོ་འདོན་བཟོ་བཀོད་ཆུང་གྲས་ཚད་ལྡན་ཅན་གྱི་བསྒྱུར་བཀོད་ལག་བསྟར་བྱས་ཏེ། འཐུང་ཆུའི་འབྱུང་ཁུངས་ལ་སྲུང་སྐྱོང་བྱ་རྒྱུར་ཤུགས་བསྣན་ནས། རོང་འབྲོག་པའི་འཐུང་ཆུའི་བདེ་འཇགས་ལ་འགན་ལེན་བྱེད་རྒྱུ་རེད། དེ་ལས་གཞན་ད་དུང་སྤྱོད་ཁང་སྒྱུར་བཀོད་བྱེད་སྟངས་ཚན་རིག་དང་མཐུན་པའི་སྒོ་ནས་གདམ་གསེས་བྱས་ཏེ། རོང་འབྲོག་ཁུལ་གྱི་འཕྲོད་བསྟེན་སྤྱོད་ཁང་ཁྱབ་གདལ་གཏོང་ཚད་བརྟན་པོའི་ངང་མཐོ་རུ་གཏོང་བ་དང་། མི་འབོར་འདུས་སྡོད་ས་ཁོངས་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་བྱེད་པ། སྐྱེ་ཁམས་བཙོག་ཆུ་གཙང་སེལ་ལག་རྩལ་ཁྱབ་གདལ་དུ་གཏོང་བ་དང་། བཙོག་ཆུ་ཕྱིར་འབུད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། རོང་འབྲོག་པས་འཚོ་བའི་བཙོག་ཆུ་ཚད་ལྡན་ངང་ཕྱིར་འབུད་བྱེད་པར་ཁྲིད་སྟོན་བྱེད་རྒྱུ་རེད། “གྲོང་ཚོས་བསྡུ་རུབ་དང་ཡུལ་ཚོས་དབོར་འདྲེན། རྫོང་གིས་བཅོས་སྐྱོང་བཅས་བྱེད་པ”བཅས་ཀྱི་རྣམ་པ་གཞིར་བཟུང་ནས། འབྲེལ་ཡོད་སྒྲིག་ཆས་ལུགས་མཐུན་ངང་བཀོད་སྒྲིག་བྱས་ཏེ། འཚོ་བའི་གད་སྙིགས་ནུས་ལྡན་ངང་ཐག་གཅོད་བྱས། གྲོང་གསེབ་ཀྱི་ནུས་ཁུངས་གཙང་མའི་འཛུགས་སྐྲུན་བཟོ་བཀོད་ལག་བསྟར་བྱས་ཏེ། རྒྱུན་ལྡན་གྱི་འཚོ་བ་དང་ཞིང་ལས་ཐོན་སྐྱེད་དང་ལས་སྣོན་ཁྱབ་ཁོངས་སུ་ནུས་ཁུངས་གཙང་མའི་བཀོལ་སྤྱོད་བསྡུར་ཚད་རིམ་བཞིན་ཇེ་མཐོར་གཏོང་རྒྱུ་རེད།

བཟོ་ལས་ཀྱི་འཛེར་སྒྲར་སྤོ་སྒྱུར་ཚོད་འཛིན་ནན་མོ་བྱས་ཏེ། རོང་འབྲོག་པ་སྡོད་སའི་ས་ཁོངས་ཀྱི་མཐའ་འཁོར་དུ་འཛེར་སྒྲའི་སྦགས་བཙོག་ཚབས་ཆེན་ཐོན་སྲིད་པའི་ཁེ་ལས་འཛུགས་སྐྲུན་བྱེད་པར་ཆོག་མཆན་མི་སྤྲོད་རྒྱུ་དང་། བསྐྲུན་ཟིན་པའི་བཟོ་ལས་ཁེ་ལས་ལ་འཛེར་སྒྲའི་སྦགས་བཙོག་གི་ཞིབ་བཤེར་བྱེད་པ། ཁྲིམས་དང་སྒྲིག་སྲོལ་ལྟར་འཛེར་སྒྲའི་སྦགས་བཙོག་ཚབས་ཆེན་བྱུང་བའི་དོན་རྐྱེན་དང་འབྲེལ་བ་ཡོད་པའི་ཁེ་ལས་ལ་ཆད་པ་གཅོད་རྒྱུ་རེད། གྲོང་གསེབ་ཀྱི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་དང་མི་སྡོད་ཁོར་ཡུག་བཅོས་སྐྱོང་ཟུང་འབྲེལ་བྱས་ཏེ། “གཙང་གསུམ་བསྒྱུར་གསུམ”ལ་མུ་མཐུད་སྐུལ་འདེད་བཏང་ནས། གྲོང་གསེབ་ཀྱི་བདེ་ཐང་ཁོར་ཡུག་མཐོར་འདེགས་སུ་གཏོང་བ་དང་། གྲོང་ཚོའི་ཁོར་ཡུག་འཕྲོད་བསྟེན་དང་བླངས་པའི་དཔུང་སྡེདང་ཐ་མག་ཚོད་འཛིན་དང་བླངས་པའི་དཔུང་སྡེ། གད་སྙིགས་རིགས་དབྱེ་དང་བླངས་པའི་དཔུང་ཁག་སོགས་འཛུགས་རྒྱུར་འཚོལ་ཞིབ་བྱས་ཏེ། གྲོང་གསེབ་ཀྱི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་དང་རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་ལས་དོན་ཟུང་འབྲེལ་བྱས་པ་བརྒྱུད། གྲོང་གསེབ་ཀྱི་བདེ་ཐང་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུ་རེད། རོང་འབྲོག་པས་ཞིང་ཆེན་གྱི་དམིགས་བསལ་ཞིང་ལས་ཐོན་རྫས་ཀྱི་ཐོན་ལས་རིན་ཐང་གསར་སྤེལ་དང་བེད་སྤྱོད་གང་ལེགས་བྱེད་པར་ཁྲིད་སྟོན་བྱེད་རྒྱུ་དང་། ཁེ་ལས་དང་ཚན་རིག་ཞིབ་འཇུག་ལས་ཁུངས་ཀྱིས་ཞིང་ལས་ཐོན་རྫས་ལས་སྣོན་གཏིང་ཟབ་ཀྱི་ལག་རྩལ་གསར་གཏོད་དང་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱེད་པར་ཡར་སྐུལ་དང་རྒྱབ་སྐྱོར་བྱས་ཏེ། མཚོ་སྔོན་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རོང་འབྲོག་ཁུལ་གྱི་བདེ་ཐང་ཐོན་ལས་ཀྱི་ཚོང་རྟགས་བསྐྲུན་རྒྱུ་རེད། ཀྲུང་ལུགས་སྨན་རྩྭ་འདེབས་འཛུགས་དང་ལས་སྣོན། རིག་གནས་ཡུལ་སྐོར་བཅས་ཀྱི་འབྲེལ་ཐག་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། གྲོང་གསེབ་ཀྱི་སྨན་རྫས་བཀོལ་སྤྱོད་བྱེད་པའི་རྣམ་པ་འཚོལ་ཞིབ་དང་རྒྱ་སྐྱེད་གཏོང་རྒྱུ་རེད། སྲོལ་རྒྱུན་གྱི་འབྲོག་ལས་གསོ་སྤེལ་དེ་སྐྱེ་དངོས་སྨན་རྫས་ཁྱབ་ཁོངས་ཀྱི་ཐོན་ལས་རིམ་པ་རུ་འཕར་རྒྱུར་སྐུལ་འདེད་བཏང་ནས། “གངས་ལྗོངས་བདེ་ཐང་”ཐོན་ལས་མ་ལག་བསྐྲུན་རྒྱུ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།