མཚོ་སྔོན་གུང་གཞོན་ཚོགས་པས“འབྲིང་རྒྱུགས་དང་མཐོ་རྒྱུགས་ལ་ཞུགས་མཁན་གྱི་སློབ་མའི་སེམས་ཁམས་གནོན་ཤུགས་ཇེ་ཆུང་དུ་གཏོང་བའི12355ཡི་ཆེད་དམིགས་སྐུད་ལམ”ཤར་གཏོང་བྱས།
2025.06.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

2025ལོའི་འབྲིང་རྒྱུགས་དང་མཐོ་རྒྱུགས་སླེབས་ལ་ཉེ་བའི་སྐབས་དང་བསྟུན་ནས། རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་གི་སེམས་ཁམས་གནོན་ཤུགས་རིམ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད། གཞོན་ནུ་ལོ་ཆུང་གི་རྒྱུགས་མ་སྤྲད་སྔོན་གྱི་སེམས་ཁྲལ་ཚན་རིག་དང་མཐུན་པའི་སྒོ་ནས་སེལ་བར་རོགས་བྱེད་ཆེད། མཚོ་སྔོན་གུང་གཞོན་ཚོགས་པས་གཞོན་ནུ་ལོ་ཆུང་ལ་ཁ་གཏད་པའི12355ཡི་ཞབས་ཞུའི་སྟེགས་བུ་ཟླ5པའི་ཚེས31ཉིན་ནས་དམའ་འབྲིང་མཐོ་རྒྱུགས་ཚར་རག་བར་དུ་ཤར་གཏོང་བྱས་ཏེ། “འབྲིང་རྒྱུགས་དང་མཐོ་རྒྱུགས་ལ་ཞུགས་མཁན་གྱི་སློབ་མའི་སེམས་ཁམས་གནོན་ཤུགས་ཇེ་ཆུང་དུ་གཏོང་བའི”ཆེད་སྤྱོད་སྐུད་ལམ་གཉེར་ནས། ཆེད་ལས་ཀྱི་སྒོ་ནས་སློབ་མའི་སེམས་ཁམས་ལ་རྒྱབ་སྐྱོར་བྱས་པ་བརྒྱུད། རྒྱུགས་སྤྲོད་མཁན་དང་ཁྱིམ་བདག་ལ་སེམས་ཁམས་ཀྱི་དཀའ་ཉོག་སེལ་བ་དང་གནོན་ཤུགས་དོ་དམ་གྱི“གེགས་མེད་བགྲོད་ལམ”བསྐྲུན།

“འབྲིང་རྒྱུགས་དང་མཐོ་རྒྱུགས་ཀྱི་སེམས་ཁམས་གནོན་ཤུགས་ཇེ་ཆུང་དུ་གཏོང་རྒྱུའི”ཆེད་གཏོང་སྐུད་ལམ་ནི། སེམས་ཁམས་བློ་འདྲི་པའི་ཚོགས་པས་གཅིག་གིས་དྲིས་ན་གཅིག་ལ་ལན་སྟེར་བའི་རྣམ་པར་བརྟེན་ཏེ། དྲ་ལམ་ནས་རྒྱུགས་སྤྲོད་མཁན་དང་ཁྱིམ་བདག་ལ་ལན་བཏབ་ནས། རྒྱུགས་མ་སྤྲད་པའི་སྔོན་གྱི་སློབ་མ་དང་ཁྱིམ་བདག་གི་གནོན་ཤུགས་སེལ་བ་སོགས་ཀྱི་སྐོར་ནས་བློ་འདྲི་བྱ་ཆོག ཆེད་གཏོང་སྐུད་ལམ་གྱི་ཨང་གྲངས་ནི0971—12355(ཞིང་ཆེན་ནང་ཁུལ་དུ་ཁུལ་ཨང་གྲངས་ཁ་སྣོན་བྱ་མི་དགོས)ཡིན། སྐད་བརྡའི་སྣེ་སྟོན་ལ་གཞིགས་ནས་འབྲིང་རྒྱུགས་དང་མཐོ་རྒྱུགས་ལ་ཞུགས་མཁན་གྱི་སློབ་མའི་སེམས་ཁམས་གནོན་ཤུགས་ཇེ་ཆུང་དུ་གཏོང་བའི་ཆེད་གཏོང་སྐུད་ལམ་ཨང2པ་བརྒྱུད་སྤྲོད་བྱས་ཆོག ཞབས་ཞུའི་དུས་ཚོད་ནི་ཉིན་རེའི་སྔ་དྲོའི་དུས་ཚོད8དང་ཕྱེད་ཀ་ནས་དགོང་མོའི་དུས་ཚོད་བཅུའི་བར་ཡིན།

བན་དེ་སྐྱབས་ཀྱིས་བསྒྱུར།