གཅིག་སྒྲིལ་རྫོང་གིས་དྲུག་གཅིག་བྱིས་པའི་དུས་ཆེན་ལ་དྲོད་ཁོལ་སྐྱེལ་བའི་བྱ་འགུལ་སྤེལ།
2025.06.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་ལྔ་པའི་ཚེས་ཉེར་བདུན་ཉིན་ནས་ཚེས་ཉེར་དགུ་ཉིན་བར། གཅིག་སྒྲིལ་རྫོང་ཏང་ཨུའི་གསར་པ་གཉིས་ཀྱི་བྱ་བའི་ཨུ་ཡོན་ལྷན་ཁང་གི་མཛུབ་སྟོན་འོག་ཏུ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་གྱི་མཉམ་འབྲེལ་ཏང་ཀྲི་པུའུ་ཡིས་རྩ་འཛུགས་ཞིབ་མོ་བྱས་ཏེ། དྲུག་གཅིག་བྱིས་པའི་དུས་ཆེན་ལ་དྲོད་ཁོལ་སྐྱེལ་བའི་བྱ་འགུལ་སྤེལ།

བྱ་འགུལ་ཁྲོད། ས་གནས་རང་གི་སྤུས་ལེགས་འོ་མའི་ཐོན་ཁུངས་ལས་ཐོན་པའི་ཞོ་ནི་བྱིས་པ་ཚོར་སྟེར་རྒྱུའི་ལེགས་སྐྱེས་སུ་གྱུར་ལ། མཚོ་སྔོན་ལྷོ་ཕྱོགས་ཀྱི་ཐོན་རྫས་བརྗེ་རེས་ཁྲོམ་རས་རྫོང་ཡོངས་ཀྱི་སློབ་གྲྭ་བཅུ་གཅིག་ལ་ཞོ་ཤོག་སྒམ་བདུན་བརྒྱ་དང་ལྔ་བཅུ་བྱིན། བྱིས་པ་ཚོས་ལག་ཏུ་ཞོ་བཟུང་ཞིང་གདོང་ལ་འཛུམ་གྱིས་ཁེངས་འདུག མཚོ་སྔོན་ལྔ་གསུམ་དྲུག་དགུ་སྐྱེ་ཁམས་འབྲོག་ལས་ཚན་རྩལ་ཚད་ཡོད་ཀུང་ཟིས་སྒོར་སྟོང་གཅིག་དང་དྲུག་བརྒྱ་བཀོལ་ནས་རྫོང་བུ་བཅོལ་ཁང་གི་བྱིས་པ་ཚོར་སིལ་ཏོག་དང་བྱིས་པའི་བཏུང་ཆུ་ཞལ་འདེབས་སུ་ཕུལ།

རྒྱུས་ལོན་བྱུང་པ་ལྟར་ན། ད་ལོར། གཅིག་སྒྲིལ་རྫོང་ཏང་ཨུའི་གསར་པ་གཉིས་ཀྱི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་རྫོང་ཏང་ཨུའི་བྱ་བ་གཙོ་བོ་དང་དམ་དུ་སྦྲེལ་ནས། ཏང་འཛུགས་ཀྱིས་མུ་མཐུད་དུ་སྣེ་ཁྲིད་བྱེད་པར་ཤུགས་བསྣན་ནས། སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་རྩ་འཛུགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་པ་བཅས་ལ་ཁྲིད་སྟོན་ལེགས་པོ་བྱས། ཐེངས་འདིའི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་གྱི་མཉམ་འབྲེལ་ཏང་ཀྲི་པུའུ་ཡིས་སྤེལ་བའི་དྲུག་གཅིག་བྱིས་པའི་དུས་ཆེན་ལ་དྲོད་ཁོལ་སྐྱེལ་བའི་བྱ་འགུལ་ནི་ཏང་འཛུགས་ཀྱིས་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་རྩ་འཛུགས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁུར་སྒྲུབ་པར་སྣེ་ཁྲིད་བྱེད་པའི་ལག་ལེན་གསོན་པོ་ཞིག་རེད།

ཤ་བོ་རིན་མཚོས་བསྒྱུར།