མཚོ་སྔོན་གྱི་མདའ་འཕེན་ལས་རྩལ་པ་བཞིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་འགྲན་ཞུགས་ཐོབ་ཐང་བླངས།
2025.06.02 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ5པའི་ཚེས31ཉིན།  ཞིང་ཆེན་ལུས་རྩལ་ཅུའུ་ནས་བསྒྲགས་པའི་གཏམ་བཟང་ལྟར་ན།  མཇུག་བསྒྲིལ་མ་ཐག་པའི2025ལོའི་རྒྱལ་ཡོངས་མདའ་འཕེན་སྐོར་སྐྱོད་འགྲན་སྡུར་གྱི་ས་ཚིགས་གཉིས་པ་དང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་མདའ་འཕེན་རྣམས་གྲངས་ཀྱི་འགྲན་ཞུགས་ཐོབ་ཐང་རྩོད་ལེན་འགྲན་སྡུར་ཁྲོད།  མཚོ་སྔོན་གྱི་མདའ་འཕེན་ལུས་རྩལ་པ་བཞིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་ཞུགས་པའི་ཐོབ་ཐང་བླངས་ཟེར།

2025ལོའི་རྒྱལ་ཡོངས་མདའ་འཕེན་སྐོར་སྐྱོད་འགྲན་སྡུར་ནི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་མདའ་འཕེན་ལུས་རྩལ་དོ་དམ་ལྟེ་གནས་ཀྱིས་གཙོ་སྒྲུབ་བྱས་པའི་རྒྱལ་ཡོངས་རང་བཞིན་གྱི་མདའ་འཕེན་འགྲན་སྡུར་ཞིག་རེད།  འགྲན་སྡུར་དེར་ས་ཚིགས་གསུམ་བཀོད་སྒྲིག་བྱས་ཡོད་ལ།  སོ་སོ་ཡུན་ནན་ཞིང་ཆེན་ཁུན་མེན་གྲོང་ཁྱེར་དང་ཨན་ཧོས་ཞིང་ཆེན་ཧོའེ་ནན་གྲོང་ཁྱེར།  ཐེན་ཅིན་གྲོང་ཁྱེར་བཅས་ཡིན། ས་ཚིགས་གཉིས་པའི་འགྲན་སྡུར་ནི་གཞུ་ལེབ་ཀྱི་འགྲན་ཞུགས་ཐོབ་ཐང་རྩོད་ལེན་གྱི་འགྲན་སྡུར་ཉག་གཅིག་ཡིན་ལ།  རྒྱལ་ཡོངས་ཀྱི་ཕྱོགས་སོ་སོའི་འཐུས་ཚབ་རུ་ཁག31དང་ཕུལ་བྱུང་མདའ་འཕེན་ལུས་རྩལ་པ290སྐྱེས་པའི་གཞུ་ལེབ་འགྲན་སྡུར་དང་སྐྱེས་མའི་གཞུ་ལེབ་འགྲན་སྡུར།  ཕོ་མོ་མཉམ་ཞུགས་ཀྱི་གཞུ་ལེབ་་འགྲན་སྡུར་་བཅས་རྣམ་གྲངས་གསུམ་གྱི་འགྲན་སྡུར་ལ་ཞུགས

འགྲན་སྡུར་ཁྲོད།  ཧྲ་ལྷ་མཚོ་ཡིས་སྐྱེས་མའི་མི་སྒེར་གྱི་ཨང་རིམ་བརྩོན་ལེན་འགྲན་སྡུར་ཁྲོད་ཨང་དང་པོ་བླངས་་ཏེ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་མདའ་འཕེན་རྣམ་གྲངས་ཀྱི་རྟིང་རྩོད་འགྲན་སྡུར་ལ་ཞུགས་པའི་ཐོབ་ཐང་བླངས།  ཅང་ཅན་ཞིན་དང་ཀྲང་ཅི་ཡོན།  ཝང་ཞའོ་ཁྲང་བཅས་ཀྱིས་སྐྱེས་པའི་རུ་ཁག་རྣམ་པའི་རྒྱལ་ཕམ་ཐག་གཅོད་འགྲན་སྡུར་ཁྲོད་ཨང་བདུན་པ་བླངས་ཏེ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་མདའ་འཕེན་རྣམས་གྲངས་ཀྱི་རྟིང་རྩོད་འགྲན་སྡུར་ལ་ཞུགས་པའི་ཐོབ་ཐང་བླངས།  ཅང་ཅན་ཞིན་དང་ཧྲ་ལྷ་མཚོ་གཉིས་ཀྱིས་ད་དུང་ཕོ་མོ་མཉམ་ཞུགས་རུ་ཁག་གི་རྒྱལ་ཕམ་ཐག་གཅོད་འགྲན་སྡུར་ཁྲོད་ཨང་བདུན་པ་བླངས།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།