ཟླ5པའི་ཚེས29ཉིན་ནས་ཚེས30ཉིན་བར། ཞིང་ཆེན་སྲིད་གྲོས་ཀྱིས་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་དམངས་གཙོ་ཏང་ཁག་གི་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་བློ་མཐུན་དང་ཆེད་མཁས་པ་སྐོར་ཞིག་རྩ་འཛུགས་བྱས་ཏེ། མཚོ་སྔོན་སློབ་ཆེན་དང་ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་དུ་སོང་ནས་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་ཐད་རྟོག་ཞིབ་ཟབ་མོ་བྱས།
རྟོག་ཞིབ་ཚན་ཆུང་གིས་མཚོ་སྔོན་སློབ་ཆེན་དང་ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་དུ་སོ་སོར་མཐོ་རིམ་སློབ་གླིང་དང་འབྲེལ་ཡོད་ཐིན་དང་ཅུའུ། ཚན་རིག་ཞིབ་འཇུག་ལས་ཁུངས་ཀྱི་འགན་ཁུར་མི་སྣས་བྱ་བའི་གནས་ཚུལ་ངོ་སྤྲོད་བྱས་པར་ཉན་པ་དང་། ཞིང་ཆེན་ཡོངས་ཀྱི་ཚན་རིག་ལག་རྩལ་གྲུབ་འབྲས་ཚུལ་སྒྱུར་དང་། འབྲེལ་ཡོད་ཀྱི་ཡིག་ཆ་དང་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ། རང་ས་གནས་དང་རང་ལས་ཁུངས་ཀྱི་དཀའ་ཁག་དང་བསམ་འཆར། གྲོས་གཞི་སོགས་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས་ཏེ། ངོས་ཟིན་གླེང་བ་དང་ད་ལྟའི་གནས་བབ་ལ་ལྟ་བ། དྲི་བ་འདོན་པ། རྒྱུ་རྐྱེན་འཚོལ་བ། བྱེད་ཐབས་འདོན་པ་བཅས་བྱས། དེ་བཞིན་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་ཐད་ཀྱི་གསར་གཏོད་དང་སྲིད་ཇུས་ཕྱོགས་གཉིས་ཀྱི་བརྟག་དཔྱད་འདྲི་གཞི་བཀྲམ་ནས་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་གྱི་གོ་རིམ་ཁྲོད་ཀྱི་འགག་རྩའི་གནད་དོན་ཡང་དག་པར་རྙེད་པར་འབད་པ་གང་ལེགས་བྱས།
རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་ནི་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་འཕེལ་རྒྱས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཡིན་ལ། གསར་གཏོད་ཀྱིས་འཕེལ་རྒྱས་འཐབ་ཇུས་ལ་སྐུལ་འདེད་གཏོང་བ་ལག་བསྟར་བྱེད་པའི་གནད་འགག་གི་གོ་རིམ་ཡིན། འབྲེལ་ཡོད་ལས་ཁུངས་སོ་སོས་ཐེངས་འདིའི་རྟོག་ཞིབ་གོ་སྐབས་སུ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཚན་རྩལ་གྲུབ་འབྲས་ནུས་ལྡན་སྒོས་མཁོ་འདོན་བྱེད་པ་ནན་འཛིན་དང་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་གྱི་སྒུལ་ཤུགས་འདོན་པ། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་གྱི་རྐྱེན་སྲོལ་སོགས་གནད་འགག་གི་གོ་རིམ་ལུགས་མཐུན་དུ་གཏོང་དགོས། མ་ལག་རང་བཞིན་གྱི་འཆར་འགོད་ལ་ཤུགས་སྣོན་པ་དང་ཞབས་ཞུའི་མ་ལག་གསར་གཏོད་བྱེད་པ། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་ཇེ་མགྱོགས་སུ་གཏང་བ། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་གྱི་སྤུས་ཚད་དང་ཕན་ནུས་མུ་མཐུད་དུ་མཐོར་འདེགས་བཏང་སྟེ་ཐོན་སྐྱེད་ནུས་ཤུགས་གསར་པས་མཚོ་སྔོན་གྱི་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་ལ་ནུས་ཤུགས་སྩོལ་དགོས།
མི་ཕམ་མགོན་པོས་བསྒྱུར།