2025ལོའི་དྲུག་ལྔའི་ཁོར་ཡུག་ཉིན་མོའི་མཚོ་སྔོན་གྱི་བྱ་འགུལ་གཙོ་བོ་མགོ་བརྩམས།
2025.06.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ6པའི་ཚེས5ཉིན། མཛེས་པའི་ཀྲུང་གོ་ང་རང་སྔོན་དུ་བསྐྱོད་ཅེས་པའི2025ལོའི་དྲུག་ལྔའི་ཁོར་ཡུག་ཉིན་མོའི་མཚོ་སྔོན་གྱི་བྱ་འགུལ་གཙོ་བོ་ཡུས་ཧྲུའུ་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་ནས་སྤེལ།

མཚོ་སྔོན་གྱིས་སྟོབས་ཤུགས་གཅིག་སྡུད་བྱས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་རྒྱུན་མཐུད་གཏིང་ཟབ་ངང་སྤེལ་བ།   སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པ། དེང་རབས་ཅན་གྱི་ཁོར་ཡུག་བཅོས་སྐྱོང་མ་ལག་མགྱོགས་མྱུར་ངང་བཙུགས་ནས།  སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ།  རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་སྔར་ལས་བརྟན་པོར་གཏོང་དགོས།  ཡུས་ཧྲུའུ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཡིན་པ་དང་། རྨ་འབྲི་རྫ་གསུམ་གྱི་གཙང་བོའི་བཞུར་རྒྱུན་རིང་ལ། སྐྱེ་ཁམས་ཀྱི་མ་ལག་གལ་ཆེན་ཡིན་པར་མ་ཟད། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་འགན་འཁྲི་ལྕི་མོ་ཕྲག་ཏུ་འཁུར་ཡོད། ལོ་མང་པོའི་རིང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྟོབས་ལྡན་མགོ་ཁྲིད་འོག ཡུས་ཧྲུའུ་ཁུལ་གྱིས་རྒྱལ་དོན་གྱི་ཆེ་ཕྱོགས་ཡིན་པའི་འགན་འཁྲི་རྒྱུན་འཁྱོངས་བྱས་ནས། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་དང་དུ་བླངས་ཏེ། སྐྱེ་ཁམས་ཀྱི་དམར་ཐིག་གཟབ་ནན་གྱིས་དམ་སྲུང་བྱས་ནས།  རི་ཆུ་ནགས་གསུམ་རྩ་ཐང་མཚེའུ་བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་གསོན་ཉམས་ལྡན་པའི་མ་དཔེ་རུ་འགྱུར་བར་བྱས། 

བྱ་འགུལ་གྱི་ཡུལ་དངོས་སུ།  སྐབས་ལྔ་བའི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་སྒྲིག་བཀོད་དང་གྲོང་ཁྱེར་གྱི་བཙོག་ཆུ་དང་གད་སྙིགས་གཙང་སེལ་སྒྲིག་བཀོད་སྒོ་འབྱེད་སྡེ་ཚན་དང་རྡོ་སྣུམ་རྫས་འགྱུར། གློག་ཤུགས།  ངར་ལྕགས་། ཨར་ལས་རྒྱུ་ཆའི་ལས་རིགས་ཀྱི་ཁོར་ཡུག་སྲུང་སྐྱོང་སྒྲིག་བཀོད་སྒོ་འབྱེད་སྡེ་ཚན་ཁག་དང་པོ་ལ་བྱང་བུ་སྤྲད་པར་མ་ཟད། མཛེས་སྡུག་ལྡན་པའི་ཀྲུང་གོ   དང་བླངས་པར་ང་ཡོད་ཅེས་པའི་རྨ་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་དང་བླངས་པའི་དར་ཆ་སྤྲོད་པའི་མཛད་སྒོ་བསྡུས་པ་དང་། དང་བླངས་ཞབས་ཞུར་ང་རང་སྔོན་དུ་སྐྱོད་ཅེས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་དམངས་ཡོངས་ཀྱི་འགུལ་སྐྱོད་ཀྱི་ཡུས་ཧྲུའུ་ཡི་གྲོས་མགོ་བཏོན་ནས།  མི་དེ་ལས་མང་པོས་དང་བླངས་པའི་མིང་སྟེང་ནས་འགུལ་སྐྱོད་ཀྱི་སྟོབས་ཤུགས་ལ་བརྟེན་ནས། རྨ་འབྲི་རྫ་གསུམ་གྱི་འབྱུང་ཁུངས་སྲུང་སྐྱོབ་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་དགོས་པའི་འབོད་སྐུལ་བཏང་།

ཏིང་འཛིན་མཚོ་མོས་བསྒྱུར།