ཡུས་ཧྲུའུ་ཁུལ་གྱིས་གསར་བརྗེའི་སྟོབས་ཤུགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
2025.06.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

 ཟླ6པའི་ཚེས6ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་ཕྱོགས་ཡོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕེལ་རིམ་ཁྲོད་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་དང་མངོན་པར་གསལ་བའི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་ཆེད།ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་བསྡུས་པའི་ཕྱོགས་ཡོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྲེང་བསྟར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་ཡུས་ཧྲུའུ་ཁུལ་གྱི་ཆེད་ཚོགས་སྟེང་། ཡུས་ཧྲུའུ་ཡིས་དུས་རབས་གསར་བའི་འཕེལ་རྒྱས་ཀྱི་རླབས་རྒྱུན་ཁྲོད་དུ་ས་གནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་ཀྱི་བདེ་སྐྱིད་ཤུགས་དྲག་ཏུ་གཏོང་བ། སྐྱེ་ཁམས་སྲུང་ཡོལ་གྱི་ལག་ལེན་གྲུབ་འབྲས་ལ་སྲུང་སྐྱོབ་བྱས་པར་མཉམ་དུ་བདེན་དཔང་བྱས།

ཐེངས་འདིའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས། དམངས་ཚིས་འགན་སྲུང་། མི་རིགས་མཐུན་སྒྲིལ་སོགས་ཕྱོགས་ནས་སྒྲོག་སྤེལ་བྱས། ཉེ་བའི་ལོ་ཤས་རིང་། ཡུས་ཧྲུའུ་ཁུལ་གྱིས་རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ཐང་། བྱེ་མ་བཅས་གཞི་གཅིག་ཅན་གྱི་བཅོས་སྐྱོང་ལ་གཅིག་འདོམས་དང་སྐུལ་འདེད་བཏང་སྟེ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གཏན་འབེབས་བྱས་པ་བརྒྱུད་ཁྲིམས་སྐྱོང་འགན་སྲུང་མ་ལག་བཙུགས་པས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་སྐུལ་ལྕག་ཐོབ་པ་དང་། ས་ཁོངས་མང་པོར་རྒྱལ་ཁབ་རིམ་པ་དང་རྒྱལ་སྤྱི་རིམ་པའི་སྐྱེ་ཁམས་ཀྱི་མཚན་སྙན་ཐོབ། ད་ལྟ་ཁུལ་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་ཀྱི་ལེགས་ཚད99.7%ལས་བརྒལ་བ་དང་། འཐུང་ཆུའི་ཆུ་མགོའི་སྤུས་ཚད་ཡོངས་སུ་ཚད་ཐིག་ལ་སླེབས་པས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གྲུབ་འབྲས་མངོན་གསལ་ཡིན། ཡུས་ཧྲུའུ་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་ཐོག་མའི་འདེམ་ཁུལ་གྱི་དམིགས་འབེན་ལ་དམ་དུ་དམིགས་ནས་ཁྲིམས་སྲོལ་དང་སྲིད་ཇུས་བཏོན་ནས་བྱེད་སྒོའི་ཁྱབ་ཚད་མཐོར་འདེགས་བཏང་། མ་དངུལ་བཏང་ནས་ཐོན་ལས་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་ མཛེས་ལྗོངས་ཁུལ་དང་གཟུགས་འདས་ཐོན་ཁུངས་གསར་བ་ཁར་བསྣན་ནས་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ལམ་ཐིག་དང་བྱེད་སྒོ་བསྐྲུན་པ་དང་། ཡུལ་སྐོར་འཕེལ་རྒྱས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བས་ན་ནིང་གི་ཡུལ་སྐོར་མི་ཐེངས་དང་ཡོང་སྒོ་དུས་མཉམ་ལས62%འཕར་བ་དང་། མཛེས་སྡུག་ལྡན་པའི་མཚོ་སྔོན། གཙང་གསུམ་འབྱུང་ཡུལ་གྱི་ཡུས་ཧྲུའུ་ཡི་ཤུགས་རྐྱེན་མུ་མཐུད་དུ་རྒྱ་བསྐྱེད། བཅུ་ཆའི་བརྒྱད་ལས་བརྒལ་བའི་སྤྱི་པའི་ནོར་སྲིད་དམངས་ཚིས་ཁྱབ་ཁོངས་སུ་བཏང་ནས་སློབ་གསོའི་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་བཏང་བ་དང་སློབ་ཁྲིད་མ་ལག་རིམ་སྤོར་བྱེད་པ། སློབ་གྲྭར་ཞུགས་ཚད་དང་སློབ་ཐོན་ཚད་མཐོར་འདེགས་མངོན་གསལ་བྱུང་བ། སྨན་བཅོས་འཕྲོད་བསྟེན་མ་ལག་འཐུས་ཚང་དུ་བཏང་བ། སྨན་བཅོས་ཞབས་ཞུའི་མཉམ་སྤྱོད་ཚོགས་པ་ཁྱབ་ཁོངས་ཡོངས་སུ་ཁྱབ་པར་བྱས་ནས་ཁྱད་ཆོས་ལྡན་པའི་སྨན་བཅོས་སྟེགས་བུ་འཛུགས་སྐྲུན་བྱས་ཏེ། མང་ཚོགས་ཀྱི་བདེ་སྣང་མུ་མཐུད་དུ་ཇེ་དྲག་ཏུ་བཏང་། ཐེངས་གཉིས་ལ་བསྟུད་མར་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དུ་བདམས་ནས་རིག་གནས་ཡུལ་སྐོར་དང་མཐུན་སྒྲིལ་ཟུང་དུ་འབྲེལ་བ། མི་རིགས་མཐུན་སྒྲིལ་དང་ཐོན་ལས་སྦྲེལ་ཐག་ཟུང་དུ་འབྲེལ་བའི་རྣམ་པ་བསྐྲུན་ནས་སྣ་མང་རང་བཞིན་གྱི་བྱེད་སྒོ་སྤེལ་བ་དང་། རིགས་སོ་སོའི་མི་རིགས་ཀྱིས་ཕན་ཚུན་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བྱེད་པར་སྐུལ་འདེད་བཏང་ནས་འབྲེལ་ཡོད་དྲིལ་སྒྲོག་སློབ་གསོའི་གྲུབ་འབྲས་མངོན་གསལ་བླངས་པ་དང་། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འདུ་ཤེས་སེམས་གཏིང་ཏུ་སིམ་པར་བྱས།

མི་ཕམ་མགོན་པོས་བསྒྱུར།