2019ལོ་ནས་ད་ལོའི་བར་དུ། ཀྲུང་གོའི་ལྕགས་ལམ་མཚོ་བོད་མཐུན་ཚོགས་ཚད་ཡོད་ཀུང་ཟིས་ཆེད་གཏོང་ཡུལ་སྐོར་མེ་འཁོར171དང་། བདེ་འཇགས་ངང་འགྲུལ་བ་སྐྱེལ་འདྲེན་བྱས་པའི་གྲངས་ཀ་ཁྲི་ལྔ་བདུན་བརྒྱ་ལྷག་ཡོད། དེའི་ཁྲོད། ཞིན་ཅང་ཕྱོགས་སུ་བཏང་བའི་ཆེད་གཏོང་ཡུལ་སྐོར་མེ་འཁོར14དང་། བོད་ལྗོངས་ཕྱོགས་སུ་བཏང་བའི་ཆེད་གཏོང་ཡུལ་སྐོར་མེ་འཁོར61ཡོད་ལ། ཡུལ་སྐོར་འགྲུལ་བ་སུམ་ཁྲི་ལྔ་སྟོང་ལྷག་ཆེད་གཏོང་ཡུལ་སྐོར་མེ་འཁོར་ལ་བསྡད་དེ་མཚོ་སྔོན་ནས་བོད་ལྗོངས་དང་ཞིན་ཅང་དུ་བསྐྱོད་ཡོད།
ཉེ་བའི་ལོ་འདི་འགའི་རིང་། ཆེད་གཏོང་ཡུལ་སྐོར་མེ་འཁོར་གྱིས་བརྗོད་གཞི་མི་འདྲ་བའི་རྒན་པའི་ཞབས་ཞུ་དང་སྣ་མང་ཐོན་རྫས་ཀྱིས་ཁྲོམ་རའི་དགོས་མཁོ་བསྐངས་ཡོད་པས། རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་བྱེད་ཐབས་གལ་ཆེན་དུ་གྱུར་ཡོད། མཚོ་སྔོན་གྱིས"ཤར་ནུབ་མཉམ་འབྲེལ་སྒོས་བོད་ལྗོངས་དང་ཞིན་ཅང་ལ་བགྲོད་ལམ་བཏོད"པར་ས་བབ་ཀྱི་ལེགས་ཆར་བརྟེན་ནས། ནུབ་རྒྱུད་ཡུལ་སྐོར་གྱི་བར་བརྗེ་ས་ཚིགས་གལ་ཆེན་དུ་གྱུར་ཡོད། བོད་ལྗོངས་དང་ཞིན་ཅང་ས་ཁུལ་དུ་བསྐྱོད་པའི་འགག་སྒོ་དང་ཀྲུང་གོའི་ཤར་རྒྱུད་དང་ནུབ་རྒྱུད། ལྷོ་ནུབ་དང་ནུབ་བྱང་། ནང་ལོག་དང་མཐའ་འཚམས་བཅས་ཀྱི་སྦྲེལ་ཐག་ལྟ་བུར་གྱུར་བའི་མཚོ་བོད་མཐོ་སྒང་གི་ལྕགས་ལམ་འགྲིམ་འགྲུལ་ས་ཚིགས་ཏེ་ཟི་ལིང་མེ་འཁོར་ས་ཚིགས་ནི། ལྕགས་ལམ་དང་ཡུལ་སྐོར་གྱི་མཉམ་འདྲེས་འཕེལ་རྒྱས་ཁྲོད་སྲོག་ཤིང་ལྟ་བུའི་ནུས་པ་ཐོན་ཡོད་ལ། བོད་ལྗོངས་དང་ཞིན་ཅང་གི་འགྲིམ་འགྲུལ་སྟབས་མི་བདེ་བའི་གནད་དོན་ཐག་གཅོད་བྱས་ཏེ། མེ་འཁོར་ལ་བསྡད་ནས་ནུབ་རྒྱུད་ལ་ལྗོངས་རྒྱུར་བསྐྱོད་པའི་རྨི་ལམ་མངོན་འགྱུར་བྱས་ཡོད། ཆེད་གཏོང་ཡུལ་སྐོར་མེ་འཁོར་གཏོང་འགོ་བརྩམས་པ་དང་བསྟུན་ནས། ཀྲུང་གོའི་ས་གནས་སོ་སོ་ནས་ཐོན་པའི་ཡུལ་སྐོར་འགྲུལ་བའང་ཇེ་མང་དུ་སོང་ཡོད་ལ། ལམ་རྒྱུད་ས་ཁུལ་གྱི་འཕེལ་རྒྱལ་ལ་གསོན་ཤུགས་བསྩལ་ཡོད་པ་དང་། མགྲོན་ཁང་དང་ཟ་ཁང་། རིག་གནས་གསར་གཏོད་སོགས་ཀྱི་ཐོན་ལས་ལ་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་ཡོད།
ཚྭ་ཁའི་ཚྭ་མཚོའི་མཛེས་ལྗོངས་ཁུལ་དུ། ཆེད་གཏོང་ཡུལ་སྐོར་མེ་འཁོར་ལས་ཐོན་པའི་འགྲུལ་བ་ལ་བརྟེན་ནས་ཉེ་འཁོར་གྱི་མགྲོན་ཁང་གི་ཞག་སྡོད་བྱེད་ཚད་བརྒྱ་ཆའི་དྲུག་ཅུ་འཕར་ཡོད། བོད་ལྗོངས་ལྷ་ས་རུ། ཆེད་གཏོང་ཡུལ་སྐོར་མེ་འཁོར་མཐོ་སྒང་ལ་ཐོན་པ་དང་བསྟུན་ནས་འགྲུལ་བ་རྣམས་ཀྱིས་ཁྱད་ལྡན་སིམ་རྣམ་དམངས་སྲོལ་རིག་གནས་ལ་མྱོང་རོལ་བྱས། བོད་ལྗོངས་ཉིང་ཁྲི་རུ། ཁྱད་ལྡན་ལག་བཟོའི་སྒྱུ་རྩལ་དེ་ཆེད་མངགས་ཡུལ་སྐོར་མེ་འཁོར་གྱི་འགྲོས་དང་བསྟུན་ནས་ཕྱིར་འཚོང་འགྲོས་ཚད་ཀྱང་ལྡབ་འགྱུར་གྱིས་འཕར་ཡོད། ཞིན་ཅང་དུ། ཕུན་སུམ་ཚོགས་པའི་ཡུལ་སྐོར་ས་ཚིགས་དང་མཚོ་བོད་ལྕགས་ལམ་གྱི་ཆེད་མངགས་མེ་འཁོར་ལམ་ཐིག་གཉིས་མཉམ་འདྲེས་གཏིང་ཟབ་བྱས་ཏེ། མཚོ་ལྔ་གླིང་བཞིའི་ཡུལ་སྐོར་འགྲུལ་བ་མང་བོ་ནང་འགུག་བྱས་ནས་ནུབ་རྒྱུད་ཀྱི་ཡུལ་ལྗོངས་ལ་ཉམས་སུ་མྱངས། མཚོ་སྔོན་དང་ཞིན་ཅང་། བོད་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་ཆེད་གཏོང་མེ་འཁོར་ལ་བརྟེན་ནས། ཐོན་ཁུངས་མཉམ་སྤྱོད་དང་ལེགས་ཆ་གསབ་རེས། འགྲུལ་ཁུངས་མཉམ་སྐྱེལ་བཅས་བྱས་ཏེ་མཉམ་དུ་ཡུལ་སྐོར་གྱི་རྣམ་པ་གསར་བ་བསྐྲུན་ཡོད། མཚོ་བོད་མཐུན་ཚོགས་ཀུང་ཟི་ཡིས་མ་འོང་པར་བོད་སྐྱོད་ཆེད་གཏོང་མེ་འཁོར་ཉི་ཤུ་དང་། ཞིན་ཅང་གི་ཆེད་གཏོང་མེ་འཁོར་དགུ ཞང་ཀང་དང་ཨའོ་མོན་གྱི་ཆེད་གཏོང་མེ་འཁོར་གཉིས། བྱང་ཤར་ཆེད་གཏོང་མེ་འཁོརགསུམ་དང་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་ཆེད་གཏོང་མེ་འཁོར་བཅུ་བཅས་ཤར་གཏོང་བྱེད་འཆར་ཡོད།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།