ཟླ6པའི་ཚེས11ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི་རང་བྱུང་བརྩི་འཇོག་དང་ཀུན་སྤྱོད་ལ་བརྟེན་ནས་བཟོ་རྩལ་ངོམས་ཞེས་པའི་ཚོང་འགུག་དངུལ་འདྲེན་གྱི་ཞིང་ལས་ཐོན་རྫས་ཁུལ་ཁོངས་ཀྱི་སྤྱི་བའི་ཟོང་རྟགས་སྒྲོག་སྤེལ་བྱེད་པའི་ཚོགས་འདུ་ཧྲང་ཧའེ་གྲོང་ཁྱེར་ཁྲང་ཉིན་ས་ཁུལ་ནས་སྤེལ་མགོ་བརྩམས། བྱེད་སྒོ་འདི་ལས་སྒོ་འབྱེད་གྱི་རྣམ་པས་མཉམ་ལས་ཀྱི་འབྲེལ་ཟམ་འཛུགས་བསྐྲུན་བྱེད་པ་དང་། འཕེལ་རྒྱས་གོ་སྐབས་མཉམ་སྤྱོད་བྱས་ནས། མཛེས་སྡུག་ལྡན་པའི་མ་འོངས་པ་འཛུགས་བསྐྲུན་བྱེད་ཆེད་རེད།
བྱེད་སྒོ་དེ་སྤྲོ་སེམས་འཁོལ་བའི་མགོ་རྩོམ་ཞབས་བྲོ་གངས་ལྫོངས་བསྟོད་གླུའི་ཁྲོད་དངོས་སུ་མགོ་བརྩམས་པ་དང་། དགའ་བདེ་རྫོང་གི་ཞིང་ལས་དང་རིག་གནས་ཡུལ་སྐོར་ཁེ་ལས་བཅུ་གཉིས་ཀྱིས་མཐོ་སྒང་གི་འཚམས་འདྲི་དང་ཁྱད་ལྡན་ཐོན་ལས་བརྒྱ་ལྷག་འཁྱེར་ནས་འགྲེམས་སྟོན་བྱས་ལ། ཚོགས་འདུའི་སྟེང་གི་མགྲོན་པོ་དང་ཧྲང་ཧའེ་གྲོང་མིའི་བློ་ཁ་བཀུག་ནས་རོལ་མྱོང་བྱེད་དུ་བཅུག དགའ་བདེ་རྫོང་གི་འཚམས་སྦྱོར་བྱེད་མཁན་གྱིས་རིག་གནས་ཡུལ་སྐོར་དང་ཚོང་འགུག་དངུལ་འདྲེན། ཞིང་ཕྱུགས་བཅས་ཕྱོགས་གསུམ་གྱི་ཐད་ནས་དགའ་བདེ་འཕེལ་རྒྱས་ཀྱི་ཁྱད་སྟོབས་བཟང་བོ་མཚམས་སྦྱོར་བྱས། དགའ་བདེ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་། ཧྲང་ཧའེ་ཁྲོན་ཁྱིག་རྒྱལ་སྤྱིའི་ཡུལ་སྐོར་ཁང་། དགའ་བདེ་རྫོང་ཞིང་ཕྱུགས་ཡུལ་སྐོར་ཅུའུ་དང་ཧྲང་ཧའེ་མཚེའུ་ནག་དྲ་རྒྱ་ཚན་རྩལ་ཚད་ཡོད་ཀུང་ཟིའི་བར་མཉམ་ལས་མོས་མཐུན་བྱུང་ནས་གྲོས་མཐུན་བཀོད།
དགའ་བདེ་རྫོང་གི་རྫོང་དཔོན་གཞོན་པ་རྡོ་རྗེ་ཚེ་བརྟན་གྱིས་བཤད་རྒྱུར། མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱ་བ་མགོ་བརྩམས་པ་ནས་བཟུང་། ཁྲང་ཉིན་ས་ཁུལ་དང་དགའ་བདེ་རྫོང་གིས་ལག་གདང་སྦྲེལ་ནས་མཉམ་སྐྱོད་བྱེད་པ་དང་། ཐོན་ལས་མཉམ་ལས་དང་། དམངས་འཚོ་ལེགས་བཅོས། འཇོན་མི་བརྗེ་རེས་སོགས་ཁྱབ་ཁོངས་ནས་གྲུབ་འབྲས་མི་དམན་པ་བླངས། ཐེངས་འདིའི་གཟབ་རྒྱས་ཆེ་བའི་ཚོགས་འདུ་དེ་ནི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་གསོན་ཉམས་ལྡན་པའི་ངང་མངོན་པར་བྱས་པ་ཡིན་ལ། ས་ཆ་གཉིས་སྔར་ལས་ཀྱང་གཏིང་ཟབ་སྒོས་མཉམ་འབྲེལ་བྱེད་པ་དང་། འཕེལ་རྒྱས་ལ་མཉམ་དུ་འཆར་འགོད་བྱེད་པའི་མགོ་རྩོམ་ས་གསར་བ་ཡིན་ལ། དགའ་བདེ་རྫོང་གི་ཐོན་རྫས་རིན་ཐང་མཐོར་འདེགས་གཏོང་བ་དང་། འཕེལ་རྒྱས་ཀྱི་དཀའ་ངལ་སེལ་བ། ཟོང་རྟགས་ཚད་ལྡན་རྣམ་པར་བཏང་ནས། ཐོན་རྫས་ཁྱབ་སྤེལ་ལ་རོགས་འདེགས་བྱེད་པ་སོགས་ཀྱི་ཕྱོགས་ལ་གལ་ཆེ་བའི་སྐུལ་འདེད་ཀྱི་དོན་སྙིང་ལྡན།
ཏིང་འཛིན་མཚོ་མོས་བསྒྱུར།