འབྲི་སྟོད་རྫོང་གིས་ཐབས་མང་མཉམ་སྤྱོད་ཀྱིས་སྐྱེ་ཁམས་གནས་སྐོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།
2025.06.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ6པའི་ཚེས10ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གིས་ས་ཆ་གཞན་ནས་ཡོང་བའི་གནས་སྐོར་པ་སྐོར་ཞིག་སྣེ་ལེན་བྱས་པ་དང་། འབྲི་ཆུའི་ཁུགས་སོ་དང་པོའི་མཛེས་ལྗོངས་ཁུལ་དེ་མིང་དོན་མཚུངས་ཞེས་ཚང་མས་བསྟོད་བསྔགས་ཡང་ཡང་བྱས།

ད་ལོའི་ཚུན་དུ། འབྲི་སྟོད་རྫོང་གིས་སྐྱེ་ཁམས་གཙོར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་ཟབ་མོ་བྱས་པ་དང་། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དམ་འཛིན་བྱས། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་འགོ་ཁྲིད་པའི་སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་འགོ་ཁྲིད་ཚན་ཆུང་བཙུགས་ནས། ལས་གཞི་འཛུགས་སྐྲུན་ས་ཆར་ཆོག་མཆན་འགོད་པ་དང་མ་དངུལ་གཏོང་སྤྲོད་སོགས་ཀྱི་དཀའ་ཁག་གནད་དོན་ཉེར་གསུམ་ལ་ཞིབ་འཇུག་ཐག་གཅོད་བྱས། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་ཁེ་ལས་ཟབ་ཞུགས་བྱེད་པའི་མ་དཔེ་གསར་སྐྲུན་བྱས་པ་དང་། རིག་གནས་གནས་སྐོར་ཁེ་ལས་གསུམ་ནང་འགུག་བྱས་ནས་འབྲི་ཆུའི་ཁུགས་སོ་དང་པོའི་ལས་གཞི་འཛུགས་སྐྲུན་ཁྲོད་ཞུགས་ལ། ལས་གཞི་གཙོ་བོའི་མཁྲེགས་གཏོར་ལས་འགན་གྱི་གསལ་ཕྲ་གཏན་འབེབས་བྱས་ཏེ། འགན་འཁྲི་ལས་ཁུངས་དང་ཡོངས་འགྲུབ་ཀྱི་དུས་བཅད་གཏན་ཁེལ་གསལ་བོ་བྱས། མིག་སྔའི་བར་དུ། དགོན་གསར་ཡུལ་ཚོའི་འབྲི་ཆུའི་ཁུགས་སོ་དང་པོའི་སྒོ་རའི་དཔལ་འབྱོར་ལས་གཞི་སྔ་སྣུར་ཡོངས་འགྲུབ་བྱས་པ་དང་། སྙི་ཆེན་སྡེ་བའི་གྲོང་གསེབ་གནས་སྐོར་གཙོ་གནད་སྡེ་བའི་ལས་གཞི་བརྒྱ་ཆའི་དོན་ལྔ་ལེགས་འགྲུབ་བྱུང་ལ། སྤྲིན་རུམ་འཚིག་ཇ་ཁང་སོགས་ཆ་སྡེབ་སྒྲིག་ཆས་འཛུགས་སྐྲུན་བྱས། དེ་དང་མཉམ་དུ། གནས་སྐོར་ལམ་ཐིག་ཐར་ཐོར་ཡིན་པའི་གནད་དོན་ལ་ཁ་གཏད་དེ། གནས་སྐོར་དང་རང་བྱུང་ཐོན་ཁུངས་སོགས་སྡེ་ཁག་གིས་གྲུབ་པའི་ལམ་ཐིག་འཆར་འགོད་ཆེད་ཚན་བཙུགས་པ་དང་། ལས་རིགས་ཀྱི་ཆེད་མཁས་པ་ལྔ་གདན་ཞུ་བྱས་ནས་ཡུལ་དངོས་རྟོག་ཞིབ་བྱས་ལ། ཟི་ལིང་དང་ཁྲིན་ཏུའུ་རུ་གནས་སྐོར་ཁྱབ་གདལ་ལྟེ་གནས་བཙུགས་པ་དང་། གནས་སྐོར་ཁང་བཅུའི་བར་མཉམ་འབྲེལ་མཉམ་ལས་གྲོས་མཐུན་བཀོད། སྲིད་གཞུང་དང་སློབ་གྲྭ། ཁེ་ལས་བཅས་ཀྱི་མཉམ་ལས་མི་སྐྱོང་རྐྱེན་སྲོལ་བཙུགས་པ་དང་། མཚོ་སྔོན་མི་རིགས་སློབ་ཆེན་སོགས་མཐོ་རིམ་སློབ་ཆེན་གསུམ་དང་མཉམ་དུ་དངོས་སྦྱོང་རྟེན་གཞི་བཙུགས་ལ། གནས་སྐོར་དོ་དམ་དང་སྐྱེ་ཁམས་འགྲེལ་བཤད་སོགས་ཆེད་ལས་ཀྱི་ཕྱོགས་ངེས་གཏན་གྱི་འཛིན་གྲྭ་བཙུགས་ནས། ལོ་རེར་ཆེད་ལས་འཇོན་མི་ཉི་ཤུ་སྐྱེད་སྲིང་བྱེད་བཞིན་ཡོད།

རིན་ཆེན་མཚོས་བསྒྱུར།