སྐབས་ཉེར་དྲུག་པའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་འགྲེམ་སྟོན་འཛུགས་སྐྲུན་བྱ་བ་ཕྱོགས་ཡོངས་ནས་སྤེལ་འགོ་བརྩམས།
2025.06.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ6པའི་ཚེས14ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྐབས་ཉེར་དྲུག་པའི་ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཚོང་གཏམ་གྲོས་ཚོགས་ཟླ6པའི་ཚེས25ཉིན་ནས་ཚེས་ཉེར་དགུ་ཉིན་བར་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་ཚོགས་ལྟེ་གནས་འགྲེམ་ཁང་གསར་པ་རུ་བསྡུས། འགྲེམ་སྟོན་འཛུགས་སྐྲུན་བྱ་བ་དེ་ཟླ6པའི་ཚེས13ཉིན་ཕྱོགས་ཡོངས་ནས་སྤེལ་འགོ་བརྩམས་པ་དང་། འགྲེམ་གནས་སོ་སོའི་འགྲེམ་ཞུགས་གཙོ་གཞིས་རྒྱུན་མཐུད་ངང་འགྲེམ་སྟོན་འཛུགས་སྐྲུན་བྱ་བ་སྤེལ་བ་དང་། སྔོན་དཔགས་ལྟར་ན་ཟླ6པའི་ཚེས22ཉིན་གྱི་སྔོན་དུ་འགྲེམ་གནས་སོ་སོའི་འཛུགས་སྐྲུན་གྲ་སྒྲིག་བྱ་བ་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་ཏེ། ཚོང་གཏམ་གྲོས་ཚོགས་བདེ་འཇགས་བདེ་བླག་ངང་བསྡུ་བར་ཁག་ཐེག་བྱེད་རྒྱུ་རེད།

སྐབས་འདིའི་ཚོང་གཏམ་གྲོས་ཚོགས་ཀྱི་འགྲེམ་ཁང་དེ་ཤར་དབུས་ནུབ་གསུམ་བཅས་འགྲེམ་ཚོམས་གསུམ་དུ་བགོས་ཡོད་པ་དང་། ཕྱོགས་བསྡུས་འགྲེམ་ཁུལ་དང་མཉམ་ལས་བརྗེ་རེས་འགྲེམ་ཁུལ། ས་ཁུལ་འཕེལ་རྒྱས་འགྲེམ་ཁུལ། བོད་ལུགས་ས་གདན་འགྲེམ་ཁུལ་བཅས་འགྲེམ་ཁུལ་བཞི་བཙུགས་ཡོད་ལ། འགྲེམ་ཁང་གི་སྤྱིའི་རྒྱ་ཁྱོན་ལ་ཧ་ལམ་རྨིད་གྲུ་བཞི་མ་ཁྲི་དྲུག་ཙམ་ཡོད། འགྲེམ་སྟོན་གྱིས་གཙོ་ཐིག་གཅིག་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་བྱེད་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་འགྲེམ་ཚོགས་ཀྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་ནས་བླངས་པའི་གྲུབ་འབྲས་གལ་ཆེན་ཕྱོགས་ཡོངས་ནས་འགྲེམ་སྟོན་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཕུགས་འདུན་ཆེན་པོ་དང་མཛེས་སྡུག་གི་མ་འོངས་པར་ཕྱོགས་ཡོངས་ནས་རྒྱང་ལྟ་བྱེད་པ། མཚོ་སྔོན་ཞིང་ཆེན་གྱིས་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་རྐང་བཙུགས་ནས། སྔར་ལས་འབད་འབུངས་ཡར་བརྩོན་གྱི་རྣམ་པས་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཡིད་ཆེས་དང་ཆོད་སེམས་མངོན་པར་བྱེད་རྒྱུ་རེད།

འགྲེམ་སྟོན་གྱིས་འདུ་ཤེས་ཆེན་པོ་གཉིས་ལག་བསྟར་བྱེད་པ་དང་། སྒོ་འབྱེད་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས་བརྗོད་དོན་དུ་བྱེད་པ། ཆུ་ཚད་སྔར་ལས་མཐོན་པོ་དང་ཕན་འབྲས་སྔར་ལས་ཆེན་པོ། སྔར་ལས་ཕུན་སུམ་ཚོགས་པའི་འགྲེམ་སྟོན་གྱི་དམིགས་འབེན་ལ་དམིགས་ནས། ཚོང་ར་ཅན་གྱི་འགྲེམ་སྒྲུབ་འདུ་ཤེས་འབུར་དུ་ཐོན་པར་བྱེད་པ་དང་། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་ཚོང་རའི་འཁོར་སྐྱོད་ཀྱི་འགྲེམ་སྒྲུབ་མ་དཔེ་བཀོལ་སྤྱོད་བྱེད་པ། བརྗོད་དོན་ཇུས་འགོད་དང་ཚོང་ལས་གཉེར་སྐྱོང་གི་ཕྱོགས་གཉིས་སྐུལ་ཁྲིད་རྐྱེན་སྲོལ་འཛུགས་པ། ཕྱོགས་གསུམ་པའི་ཆེད་ལས་ཅན་གྱི་འགྲེམ་ཚོགས་ཞབས་ཞུའི་ཁེ་ལས་འགྲེམ་སྟོན་བསྒྲུབ་པའི་ཁྲོད་ཞུགས་པར་སྣེ་ཁྲིད་བྱེད་པ། སྔོན་ཐོན་གྱི་འདུ་ཤེས་དང་ཚོང་རའི་ཐབས་ལམ། དྲ་རྒྱའི་ཐོན་ཁུངས། འཁོར་སྐྱོད་རྐྱེན་སྲོལ་བཅས་བཀོལ་སྤྱོད་བཟང་བོ་བྱེད་པ། ཆེད་ལས་ཅན་དང་ཚོང་ར་ཅན། རྒྱལ་སྤྱིའི་ཅན་གྱི་གཉེར་སྐྱོང་མ་ལག་གསར་སྐྲུན་བྱེད་པ་བཅས་བྱས་ནས། འགྲེམ་སྟོན་གྱི་སྤུས་འབྲས་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་རྒྱུ་རེད། དེར་མ་ཟད་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་འབུར་དུ་ཐོན་པར་བྱེད་པ་དང་། སྤྱི་ཁོག་གི་ཇུས་འགོད་ཐད་ནས་མཚོ་སྔོན་གྱི་གནམ་སྔོ་བ་དང་སྐྱེ་ཁམས་ལྗང་མདོག་ཚོས་གཞི་གཙོ་བོར་བྱེད་པ། ལྗང་མདོག་ཐཱན་ཉུང་གི་འགྲེམ་སྒྲུབ་འདུ་ཤེས་ཚོགས་འགྲེམ་ཇུས་འགོད་དང་འཛུགས་སྐྲུན། འགྲེམ་སྟོན་བཀོད་སྒྲིག འཁོར་སྐྱོད། འགྲེམ་སྟོན་ལ་ལྟ་བའི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱེད་པ། མཚོ་སྔོན་ནམ་ཡང་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་མཐོ་ཚད་དུ་འགྲེང་བ་མངོན་པར་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་རྒྱུ་དེ་འབུར་ཐོན་གོ་གནས་སུ་བཞག་སྟེ་དམ་འཛིན་བྱེད་པ། རང་བྱུང་ཁམས་ལ་བརྩི་འཇོག་བྱེད་པ་དང་རང་བྱུང་ཁམས་དང་མཐུན་པར་བྱེད་པ། རང་བྱུང་ཁམས་ལ་སྲུང་སྐྱོང་བྱེད་པ། སྤུས་ལེགས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་ནས། དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་གཅིག་གྱུར་བྱས་པའི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་མངོན་འགྱུར་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།