རང་ཞིང་གིས་ལས་ཤོར་ཉེན་སྲུང་ལ་བརྟེན་ནས་ལས་གནས་བརྟན་གཏོང་དང་དམངས་ཕན་སྲིད་ཇུས་མུ་མཐུད་ལག་བསྟར་བྱས།
2025.06.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ6པའི་ཚེས13ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་ལས་ཤོར་ཉེན་སྲུང་ལ་བརྟེན་ནས་ལས་གནས་བརྟན་གཏོང་དང་དམངས་ཕན་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཏེ། “སྲིད་ཇུས་ཀྱི་སྡེབ་སྒྲིག”བྱེད་ནུས་སྤྱད་དེ། ཁེ་ལས་ཀྱི་ལས་གནས་བརྟན་གཏོང་དང་ལས་བཟོ་པར་ནུས་ཤུགས་བསྩལ།

ལས་གནས་བརྟན་པོ་ཡོང་བར་བྱེད་པའི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱེད་དགོས། ལས་ཤོར་ཉེན་སྲུང་གྲོན་དངུལ་ཟླ་བ12ཡན་ལ་ཆ་ཚང་འཇལ་སྤྲོད་བྱས་ཟིན་པ་དང་། ལོ་འཁོར་སྔོན་མའི་ནང་ལས་མི་ཉུང་འཕྲི་མ་བྱས་པའམ་ཡང་ན་ཅུང་ཙམ་ཉུང་འཕྲི་བྱས་པའི་ཉེན་སྲུང་ནང་ཞུགས་པའི་ཁེ་ལས་ལ་ལས་གནས་བརྟན་པོ་ཡོང་བའི་མ་དངུལ་ཕྱིར་སྤྲོད་རྒྱུ་དང་། ཁེ་ལས་ཆེ་གྲས་ཀྱིས་ཁེ་ལས་དང་དེའི་ལས་བཟོ་པས་ལོ་འཁོར་སྔོན་མའི་ནང་ལས་ཤོར་ཉེན་སྲུང་གྲོན་དངུལ་སྤྲད་པའི30%ཕྱིར་སྤྲོད་རྒྱུ་ཡིན་ལ། ཁེ་ལས་ཆུང་འབྲིང་ཕྲན་གསུམ་ལ60%ཕྱིར་སྤྲོད་རྒྱུ་རེད།

རྒྱ་སྐྱེད་རང་བཞིན་གྱི་རྩལ་ནུས་མཐོ་རུ་གཏོང་བའི་ཁ་གསབ་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་དགོས། ལས་ཤོར་ཉེན་སྲུང་གི་གྲོན་དངུལ་ལེན་མཁན་སྲིད་ཇུས་ལོངས་སྤྱོད་ཀྱི་ཁྱབ་ཁོངས་ནང་བཅུག་ནས། རེ་ཞུ་བྱེད་པའི་ཆ་རྐྱེན་དེ་ཉེན་སྲུང་ནང་ཞུགས་ནས་གྲོན་དངུལ་སྤྲད་དེ་ལོ་གསུམ་ལོན་པ་ནས་ལོ་གཅིག་བར་ཇེ་ཡངས་སུ་གཏོང་དགོས། འཕྲལ་དཀོན་ལས་རིགས་ཀྱི་དཔང་ཡིག་ཐོབ་མཁན་ལ་མི་རེར་ལོ་རེར་ཁ་གསབ་ཐེངས་གསུམ་ལས་མི་བརྒལ་བར་བྱེད་དགོས།

ལས་ཤོར་ཉེན་སྲུང་གི་གྲོན་དངུལ་དང་གཞི་རྩའི་སྨན་བཅོས་ཉེན་སྲུང(བུ་སྐྱེས་འགན་བཅོལ་ཚུད་ཡོད)གི་གྲོན་དངུལ་ཚབ་འཇལ་བྱེད་རྒྱུ་དང་། གནས་སྐབས་རིན་གོང་ཁ་གསབ་སོགས་ཀྱི་ཐོབ་ཐང་སྤྲོད་རྒྱུའི་ལས་དོན་མུ་མཐུད་ལེགས་པར་བསྒྲུབ་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།