ཟླ6པའི་ཚེས10ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། ཞིང་ཆེན་སྤུས་ཚད་དང་ཚད་གཞི་ཞིབ་འཇུག་ཁང་གིས་ཁེ་ལས་དང་ཉེ་བར་བཅར་ནས་དགོས་མཁོ་འདྲི་བའི་བྱེད་སྒོ་སྤེལ་བ་དང་། ལས་ཡུལ་དང་པོར་སོང་ནས་ཁེ་ལས་ཀྱི་དགོས་མཁོར་ཉན་པ་བརྒྱུད། ཤུར་ཨང་བཀོལ་བའི་དཀའ་གནད་ཐག་གཅོད་འོས་འཚམ་བྱས་ཏེ། ཁེ་ལས་ལ་རོགས་བྱས་ནས་ཤུར་ཨང་བཀོལ་བའི་ཆུ་ཚད་མཐོར་འདེགས་བཏང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་ཚོང་རྫས་ཤུར་ཨང་གི་ཚད་ལྡན་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བཏང་།
ཐེངས་འདིའི་ཁེ་ལས་ལ་བཅར་ནས་དགོས་མཁོ་འདྲི་བའི་བྱེད་སྒོར་རྒྱུགས་གཞིའི་ཞིབ་བཤེར་དང་ཡུལ་དངོས་རྟོག་ཞིབ། བཞུགས་མོལ་ཚོགས་འདུ་སོགས་ཀྱི་རྣམ་པ་བརྒྱུད་དེ། ཁེ་ལས་ཀྱིས་ཤུར་ཨང་བེད་སྤྱོད་པའི་ཐད་ཀྱི་དངོས་ཡོད་དགོས་མཁོ་དང་དེའི་གནད་དོན་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས། ཁེ་ལས་ཀྱིས་ཕྱིར་ལྡོག་བྱས་པའི་གནད་དོན་ལ་དམིགས་ནས། དྲི་བར་ལན་འདེབས་པ་དང་ཡུལ་དངོས་མཛུབ་སྟོན་སོགས་ཀྱི་བྱེད་ཐབས་བརྒྱུད། ལག་བསྟར་བྱེད་ཐུབ་པའི་ཐག་གཅོད་ཇུས་གཞི་བཏོན། དེ་དང་མཉམ་དུ། ཁེ་ལས་ལ་འབྲེལ་ཡོད་ཀྱི་ཚད་གཞི་དང་། ཚད་ལྡན་གྱི་འགྲེལ་བཤད་དང་གསབ་སྦྱོང་འདོན་སྤྲོད་བྱས་ནས། རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚོང་རྫས་ཀྱི་ཤུར་ཨང་དོ་དམ་བྱེད་པའི་འབྲེལ་ཡོད་སྲིད་ཇུས་དྲིལ་སྒྲོག་ལེགས་པོ་བྱས་པ་དང་། ཁེ་ལས་ལ་རོགས་བྱས་ནས་ཁྲིམས་ལུགས་ཁྲིམས་སྲོལ་ལྟར་ཚོང་རྫས་ཀྱི་ཤུར་ཨང་བཀོལ་བར་མཛུབ་སྟོན་བྱས་ཤིང་། ཤུར་ཨང་བཀོལ་བའི་ཚད་ལྡན་རང་བཞིན་དང་ཡང་དག་རང་བཞིན་ཆེ་རུ་བཏང་བ་དང་། རང་ངོས་ཀྱི་ལག་རྩལ་དགེ་མཚན་སྤྱད་དེ། ཁེ་ལས་ལ་ཤུར་ཨང་བྱུང་བ་དང་ཚད་ལེན་བྱེད་པ་སོགས་ལག་རྩལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱས་ཤིང་། ཁེ་ལས་ཉེན་ཁ་ལས་གཡོལ་བར་རོགས་བྱས་ནས། ཁྲོམ་རའི་འགྲན་རྩོད་ནུས་པ་མཐོར་འདེགས་བཏང་།
ཐེངས་འདིའི་བྱེད་སྒོའི་སྟེང་། ཁེ་ལས་བཅུ་ལ་བཅར་འདྲི་བྱས་ནས་ཁེ་ལས་ཀྱི་དགོས་མཁོ་དང་གནད་དོན་སུམ་ཅུ་ལྷག་འཚོལ་སྡུད་བྱས་པ་དང་། ཁེ་ལས་ལ་ཆེད་ལས་ཀྱི་མཛུབ་སྟོན་དང་ལག་རྩལ་གྱི་རྒྱབ་སྐྱོར་ཐེངས་ཉི་ཤུ་ལྷག་འདོན་སྤྲོད་བྱས་ཏེ། ཁེ་ལས་ལ་རོགས་བྱས་ནས་ཤུར་ཨང་བཀོལ་བའི་བརྒྱུད་རིམ་ཁྲོད་ཀྱི་དཀའ་གནད་ནུས་ལྡན་སྒོས་ཐག་གཅོད་བྱས་པ་དང་། ཚོང་རྫས་ཀྱི་ཤུར་ཨང་གི་ཚད་ལྡན་རང་བཞིན་དང་ཡང་དག་རང་བཞིན་ཆེ་རུ་བཏང་ནས། མཚོ་སྔོན་ཚོང་རྫས་ཀྱི་འཁོར་རྒྱུག་དང་ཁྲོམ་ར་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་བྱེད་ནུས་གང་ལེགས་བཏོན།
ལྷ་མོ་འཚོས་བསྒྱུར།