ཟླ་དྲུག་པའི་ཚེས་ལྔ་ཉིན་ནས་ཚེས་བཅུ་གཉིས་ཉིན་བར། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་སློབ་གསོ་ཐིན་གྱིས་གཙོ་སྒྲུབ་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་ལས་བཟོ་པའི་ཆབ་སྲིད་སློབ་ཁྲིད་ཆེན་མོ་ཞེས་པའི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་མི་སྣ་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་དང་འབྲེལ་བའི་སྐོར་སྐྱོད་དྲིལ་སྒྲོག་འཆད་ཁྲིད་སྤེལ་བ་དང་། སོ་སོར་མཚོ་སྔོན་གྱི་མདེལ་གཉིས་སྐར་གཅིག་ལས་བྱེད་པའི་སློབ་གླིང་དང་མཚོ་སྔོན་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་གི་སློབ་གྲྭ་བཅས་སུ་སྐོར་སྐྱོད་དྲིལ་སྒྲོག་འཆད་ཁྲིད་བྱས།
དྲིལ་སྒྲོག་བྱེད་སྒོའི་ཁྲོད། 2025ལོའི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་མི་སྣ་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་འཐུས་ཚབ་ཁྲིན་པོ་དང་ཁྲིན་ཡུའུ་ལུང་། ཏིང་འཛིན་རྒྱལ། རྣམ་རྒྱལ། ཝུའུ་ཅ་ནན་བཅས་ཀྱིས་ཁོ་ཚོ2025ལོའི་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་བཙུགས་ནས་ལོ100ལོན་པར་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་མི་སྣ་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་པའི་སྐབས་ཀྱི་སེམས་ཚོར་དང་མྱོང་བ་བཤད་པ་དང་། ཁོ་ཚོའི་ལས་གནས་སུ་རྐང་བཙུགས་ནས་སྒེར་མེད་བློས་གཏོང་གི་ངལ་རྩོལ་དཔེ་ལེགས་མི་སྣའི་གཏམ་རྒྱུད་མཉམ་སྤྱོད་བྱས་ཏེ། རང་རེའི་ཞིང་ཆེན་གྱི་རྒྱ་ཆེའི་ལས་བཟོ་བ་རྣམས་ཀྱིས་མངགས་བཅོལ་ཡིད་ལ་དམ་པོར་བཟུང་ནས་དྲིན་ཚོར་འབད་འཐབ་བྱེད་པའི་ཡིད་ཆེས་དང་ཆོད་སེམས་མཚོན་པར་བྱས་ཡོད།
ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2025ལོའི་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་མི་སྣ་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་གཟེངས་བསྟོད་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལས་བཟོ་བའི་སྲིད་དོན་སློབ་ཁྲིད་ཆེ་གྲས་ནན་ཏན་གྱིས་སྤེལ་ནས2025ལོའི་རང་རེའི་ཞིང་ཆེན་གྱི་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་མི་སྣ་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་དཔེ་མཚོན་གཏམ་རྒྱུད་སྐོར་གྱི་དྲིལ་སྒྲོག་འཆད་ཁྲིད་ལེགས་པར་སྤེལ་ཏེ། ངལ་རྩོལ་དཔེ་ལེགས་མི་སྣའི་སྙིང་སྟོབས་དང་ངལ་རྩོལ་སྙིང་སྟོབས། བཟོ་བའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་ནས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་བ་དང་མང་ཚོགས་ཀྱི་ངལ་རྩོལ་ལ་བཅངས་པའི་དགའ་བ་དང་གསར་གཏོད་གསོན་ཤུགས་ཆེ་རུ་བསྐྱེད་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་འབད་འཐབ་དང་སྐུལ་འདེད་གཏོང་བའི་ཁྲོད་ཤེས་རབ་དང་སྟོབས་ཤུགས་འབུལ་དགོས།
མི་ཕམ་མགོན་པོས་བསྒྱུར།