ཟླ6པའི་ཚེས12ཉིན། མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ཆུ་དཀར་མདོ་ཡུལ་ཚོ་ཡིས་ས་གཤིས་གནོད་འཚེ་ཉེན་འགོག་གནས་སྤོ་བྱས་ཏེ་གཅིག་བསྡུས་བཀོད་སྒྲིག་ལས་གཞིའི་འཛུགས་སྐྲུན་བཀོད་སྒྲིག་བྱ་བ་ལང་ལོང་སྒོས་སྤེལ་བཞིན་ཡོད་པ་དང་། རེ་བས་ཁེངས་བའི་ཁང་བ་གསར་བ་མང་པོ་ལས་ནས་མི་འགྱངས་པར་བཀོད་སྒྲིག་བྱེད་ལ་ཉེ་བའི་ཡུལ་ཚོ་ཡོངས་ཀྱི་མང་ཚོགས་ཁྱིམ་ཚང65དགའ་བ་འབུམ་གྱིས་མྱོས་ཡོད། རྒྱུས་ལོན་པ་ལྟར་ན། ཞོན་ཧྭ་རྫོང་ཡོངས་ཀྱི་ཁུལ་ཁོངས་ནང་བསྡོམས་པས་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན116ཡོད་པ་དང་། ཡུལ་ཚོ་དང་གྲོང་བརྡལ9དང་མང་ཚོགས་ཁྱིམ་ཚང1677ཡོད་པ་དང་། ད་ལྟའི་བར་དུ། སྐབས་དང་པོའི་གཅིག་བསྡུས་བཀོད་སྒྲིག་བྱེད་སས་ནུས་ཤུགས་ཡོད་རྒུས་མྱུར་ཚད་དམ་འཛིན་བྱེད་བཞིན་ཡོད་ལ། ལས་ཡུན་ལ་ཡར་སྐུལ་ནས་ལས་གཞི་དུས་ལྟར་ལེགས་འགྲུབ་ཡོང་བར་སྐུལ་འདེད་གཏོང་དགོས།
གཅིག་བསྡུས་བཀོད་སྒྲིག་བྱེད་ས་འཛུགས་སྐྲུན་བྱེད་སྐབས། ཞོན་ཧྭ་རྫོང་གྱིས་ཏང་འཛུགས་སྐྱོང་སྣེ་ཁྲིད་དང་ཨར་ལས་སྡེ་ཚན་ཞུགས་པ། ལྟ་སྐུལ་དོ་དམ་སྡེ་ཁག་གི་ལྟ་སྐུལ་དང་། མང་ཚོགས་ཀྱི་ལྟ་སྐུལ་བཅས་ཀྱི་རྣམ་པ་སྤྱད་དེ། གནས་སྤོ་ཐུབ་པ་དང་། གཏན་སྡོད་ཐུབ་པ། འཚོ་བ་ལེགས་པ། མཉམ་འདྲེས་ཐུབ་པ་བཅས་ཀྱི་སྤྱིའི་བླང་བྱ་དང་དམ་པོར་བསྟུན་ནས། གྲོང་རྡལ་དང་གྲོང་སྡེའི་ལས་བྱེད་པ་དང་། མང་ཚོགས་འཐུས་མི། ལྟ་སྐུལ་དོ་དམ་ལག་རྩལ་མི་སྣ་བཅས་ལས་གྲུབ་པའི་ལྟ་སྐུལ་ཨུ་ཡོན་ལྷན་ཁང་བཙུགས་ཏེ་དུས་བཅད་ལྟར་ལས་ཡུལ་དུ་སྐོར་ཞིབ་བྱས་ཏེ་ཁང་པ་བཀོད་སྒྲིག་ལེགས་སྒྱུར་དང་སྤྱི་པའི་བར་སྟོང་ཇུས་འགོད་སོགས་ཞིབ་ཕྲའི་ཐད་གྲོས་འགོ་བཏོན། ལས་གཞི་བདམས་པའི་གནས་ཡུལ་ནི་མང་ཚོགས་ཀྱི་སྨན་བཅོས་དང་སློབ་གྲྭར་སྟབས་བདེ་ཞིང་རྗེས་མཐུད་ཐོན་ལས་འཕེལ་རྒྱས་ཀྱི་བར་སྟོང་ཡང་ཡོད་པའི་ས་ཆ་དང་། བགྲོད་ལམ་དང་། རང་འབབ་ཆུ། སྤྱི་པའི་གློག་སྒྲོན། ལྗང་སྒྱུར་སོགས་རྨང་གཞིའི་སྒྲིག་བཀོད་བཟོ་སྐྲུན་ཆ་ཚང་འཛུགས་སྐྲུན་བྱས་ནས་དམངས་འཚོ་ལ་སྔར་ལས་དྲོད་ཁོལ་ལྡན་པ་དང་སྐྱིད་སྣང་སྔར་ལས་ཆེ་བའི་བདེ་སྡོད་བཟོ་སྐྲུན་གསར་བསྐྲུན་བྱས།
ཏིང་འཛིན་མཚོ་མོས་བསྒྱུར།