གསར་འགོད་པས་ཟླ6པའི་ཚེས13ཉིན་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མུ་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་ཆེད་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པར་རྐང་བཙུགས་ནས། ནར་མ་སོན་པའི་མིའི་ཞིབ་དཔྱོད་བྱ་བར་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་བཏོན་པ་དང་། ཕྱོགས་ཡོངས་དང་རིམ་པ་མང་པོའི་བྱེད་ཐབས་སྤྱད་དེ། ནར་མ་སོན་པའི་མིའི་ཁྲིམས་འཛིན་སྲུང་སྐྱོབ་འགོག་ར་བརྟན་པོ་བསྐྲུན།
ནག་ཉེས་བཟོས་པའི་ནར་མ་སོན་པའི་མིར་དམིགས་ནས། མཚོ་སྔོན་ཞིབ་དཔྱོད་ལས་ཁུངས་ཀྱིས་སྔོན་འགོག་ནི་སྲུང་སྐྱོབ་ཡིན་ལ་ཆད་པ་གཅོད་པ་ནི་སྐྱོབ་ཐབས་བྱེད་པ་ཡིན་པའི་འདུ་ཤེས་སྲུང་འཛིན་བྱས་པ་དང་། གནད་འཁེལ་ཇུས་འདོན་བྱས་ལ། ཚད་ཆེས་ཆེ་བའི་སྒོ་ནས་ནག་ཉེས་བཟོས་པའི་ནར་མ་སོན་པའི་མིར་སློབ་གསོ་དང་དེ་སྐྱོབ་ཐབས་བྱས། སྡེ་ཁག་མང་པོ་མཉམ་འབྲེལ་བྱས་ནས་སློབ་གྲྭ་དང་སྡེ་ཁུལ་སོགས་སུ་ནར་མ་སོན་པའི་མིར་བརྩེ་སེམས་སྦྱིན་པའི་ནར་མ་སོན་པའི་མིའི་ལྟ་སྐྱོང་རྟེན་གཞི་བཅོ་ལྔ་བཙུགས་པ་དང་། སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་སྟོབས་ཤུགས་བརྩོན་ལེན་བྱས་ནས་ནག་ཉེས་བཟོས་པའི་ནར་མ་སོན་པའི་མིར་སློབ་གསོ་དང་དེ་སྐྱོབ་ཐབས་བྱས།
ཕྱོགས་ཡོངས་ཀྱི་ཕྱོགས་བསྡུས་ཁྲིམས་འཛིན་སྲུང་སྐྱོབ་ཁྱབ་ཁོངས་སུ། ཞིབ་བཤེར་བྱས་མེད་པའི་ལས་སྒོ་གཅིག་བསྡུས་སྒོས་བསྒྲུབ་པ་དང་། རྒྱུན་སྲིང་གསུམ་ནན་མོར་བསྒྲུབ་ནས། ཉེས་དོན་དང་དམངས་དོན། སྲིད་འཛིན། སྤྱི་ཕན་ཞུ་གཏུག་གྱོད་དོན་བཅས་མཉམ་འདྲེས་སྒོས་བསྒྲུབ་པར་སྐུལ་འདེད་བཏང་། ཞིབ་དཔྱོད་གྲོས་གཞི་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་མགྲོན་ཁང་དང་ཆང་ཁང་། དྲ་ཁང་སོགས་སྲོལ་རྒྱུན་དང་གསར་དར་ལས་སྒོའི་ཁྱབ་ཁོངས་ཀྱི་ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་ཕན་ལ་གནོད་འཚེ་སྐྱེལ་བའི་གནད་དོན་ཐག་གཅོད་པར་སྐུལ་འདེད་བཏང་ནས། རིམ་ཟབ་བཅོས་སྐྱོང་དང་འགོ་ཁུངས་ནས་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་།
དེ་དང་མཉམ་དུ། མཚོ་སྔོན་ཞིབ་དཔྱོད་ལས་ཁུངས་ཀྱིས་སྲུང་སྐྱོབ་ཆེན་མོ་དྲུག་གིས་མཐུན་སྦྱོར་སྒོས་ཤུགས་འདོན་པར་སྐུལ་འདེད་བཏང་བ་སྟེ། ཁྱིམ་ཚང་སློབ་གསོའི་མཛུབ་སྟོན་མི་ཐེངས232སྤེལ་བ་དང་། ལྟ་སྐུལ་བདག་སྐྱོང་གི་བཀའ་རྒྱ313ཁྱབ་བསྒྲགས་བྱས་ལ། ཞིབ་བཤེར་བྱས་མེད་པའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་མ་ལག35འཛུགས་པར་སྐུལ་འདེད་བཏང་ཞིང་། སྡེ་ཁག་མང་པོ་མཉམ་འབྲེལ་སྒོས་ནར་མ་སོན་པའི་མིར་བརྩེ་སེམས་སྦྱིན་པའི་ཁྲིམས་སྐྱོང་སློབ་རར་བསྐྱོད་པའི་མུ་འབྲེལ་བྱ་འགུལ་ཐེངས934སྤེལ་བ། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ཞིབ་དཔྱོད་དཔོན་པོས་སྣེ་ཁྲིད་དེ་སློབ་རའི་ཁྲིམས་སྐྱོང་སློབ་ཁྲིད་འཆད་པ་དང་། སྡེ་ཁག་མང་པོ་མཉམ་འབྲེལ་སྒོས་ས་ཚིགས་གཅིག་ཅན་རྣམ་པའི་གྱོད་སྒྲུབ་རོགས་སྐྱོབ་རྐྱེན་སྲོལ་ལག་བསྟར་བྱེད་ཐབས་བཏོན་ལ། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ་དཀའ་ཁག་ཡོད་པའི་བྱིས་པ་དང་བུད་མེད་ལ་དོ་སྣང་བྱས་ནས་ཆེད་དོན་ཁྲིམས་འཛིན་རོགས་སྐྱོབ་ལ་ཤུགས་སྣོན་པ་ཞེས་པའི་ཆེད་དོན་འགུལ་སྐྱོད་སྤེལ་བར་མ་ཟད་ཡུན་ཕན་རྐྱེན་སྲོལ་བཙུགས་ཤིང་། གྱོད་གཞིར་བརྟེན་ནས་དཀའ་ཁག་བཟོས་པའི་ནར་མ་སོན་པའི་མི་དང་བུད་མེད147ལ་རོགས་སྐྱོབ་བྱས་ཏེ། རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་མ་དངུལ་ས་ཡ་གསུམ་དང་འབུམ་བཞི་ཁྲི་གཅིག་དང་སྟོང་གཅིག་བྱིན། སྡེ་ཁག་མང་པོ་མཉམ་འབྲེལ་བྱས་ནས། ཏང་འཛུགས་ཀྱི་སློབ་ཁྲིད་ཆུང་བ་དང་ཁྱིམ་ཚང་སློབ་གསོའི་མཛུབ་སྟོན་ས་ཚིགས། ལྟ་སྐྱོང་རྟེན་གཞི། སྤྲིན་རྩིས་སློབ་ཁྲིད། སྙན་ཞུའི་ལས་རིམ་སོགས་གཞི་གཅིག་གི་ནར་མ་སོན་མིར་བརྩེ་སེམས་སྦྱིན་པའི་ཟོང་རྟགས་བསྐྲུན་པ་དང་། ནུས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་ནར་མ་སོན་པའི་མི་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཁོར་ཡུག་ལེགས་པོ་ཞིག་བསྐྲུན།
ལྷ་མོ་འཚོས་བསྒྱུར།