ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་གྱི་འཆད་ཁྲིད་འགོ་བརྩམས།
2025.06.19 ཁུངས། ཀློག་གྲངས། 0

ཟླ6པའི་ཚེས18ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་གྱི་འཆད་ཁྲིད་འགོ་བརྩམས། ཐེངས་འདིའི་འཆད་ཁྲིད་ལ་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། མཚོ་སྔོན་སློབ་ཆེན་ཕྱུགས་ལས་ཕྱུགས་སྨན་ཚན་རིག་གླིང་གི་འགོ་གཙོ་གཞོན་པ་དང་རྩྭ་ཐང་སའོ་ཡི་འགོ་གཙོའི་འགན་གཅིག་ལྕོགས་སུ་འཁུར་མཁན་ཏུང་ཆོན་མེན་གདན་ཞུ་བྱས་ནས་ཆེད་དོན་འཆད་ཁྲིད་སྤེལ། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཁ་ཤས་དང་། དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བློ་མཐུན་དང་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་མི་སྣ་ཡོངས་ཀྱིས་འཆད་ཁྲིད་ལ་ཉན།

འཆད་ཁྲིད་བྱེད་སྐབས། ཏུང་ཆོན་མེན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོང་སྣེ་ནས་མཐོ་སྒང་རྩྭ་ཐང་ལ་འཚམ་པའི་རང་བཞིན་གྱི་དོ་དམ་རིགས་པའི་གཞུང་ལུགས་དང་ལག་ལེན་ཞེས་པ་བརྗོད་དོན་དུ་བཟུང་སྟེ། གཙོ་གནད་ཐོག་ཁོང་དུ་ཆུད་དགོས་པའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ནང་དོན་དང་བརྒྱུད་རིམ་ལ་ཟུང་འབྲེལ་དམ་ཟབ་བྱས་པ་དང་། མཐོ་སྒང་རྩྭ་ཐང་ལ་འཚམ་པའི་རང་བཞིན་གྱི་དོ་དམ་རིགས་པའི་གཞུང་ལུགས་དང་། སྒྲིག་གཞི། ལག་ལེན་སོགས་ཐད་ནས་དུས་ཡུན་རིང་བོར་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་དང་རྩྭ་ཐང་སྐྱེ་ཁམས་ཕྱུགས་ལས་ཀྱི་ཞིབ་འཇུག་པ་ཞིག་གི་མཐོང་སྣེ་ནས་ཚོགས་ཞུགས་མི་སྣར་ཆེད་ལས་དང་། མ་ལག་ལྡན་པ། གཏིང་ཟབ་པའི་གསལ་འགྲེལ་བྱས། 

ཚང་མས་བསྟན་དོན། འཆད་ཁྲིད་ཀྱི་ནང་དོན་དོན་དངོས་དང་འབྲེལ་ཞིང་རྗེས་དཔག་གི་བསམ་གཞིགས་གཏིང་ཟབ་ལ། ཁྱོན་ཡོངས་ཀྱི་མཛུབ་སྟོན་ལག་ལེན་ལྡན་པས་བློ་སྐྱེད་ཆེན་པོ་ཐོབ་སོང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རྩྭ་ཐང་གི་སྐྱེ་ཁམས་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་། སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་ལ་སྐུལ་འདེད་ཏན་ཏིག་གཏོང་བ། མཐོ་སྒང་རྩྭ་ཐང་གི་སྐྱེ་ཁམས་མ་ལག་དོ་མཉམ་རྒྱུན་འཁྱོངས་བྱེད་པ་སོགས་ཀྱི་ཞིབ་འཇུག་བྱ་གཞིར་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་བསམ་འཆར་དང་ཐབས་ཇུས་བཟང་བོ་བཏོན་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་རྒྱུར་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

ཤ་བོ་གསེར་མཚོས་བསྒྱུར།