ཡུས་ཧྲུའུ་ཁུལ་གྱིས6པའི་ཚེས18ཉིན་གྱི་འཛད་སྤྱོད་ལ་སྐུལ་བའི་བྱ་འགུལ་མགོ་བརྩམས།
2025.06.19 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ6པའི་ཚེས18གྱི་ཉིན་མོར།  ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཟོ་འཕྲིན་ཚོང་དོན་ཅུའུ་ཡིས“སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཁྲོམ་རའི་འཛད་སྤྱོད”ཟུང་དུ་སྦྲེལ་བ་དང་།  “ཟླ6པའི་ཚེས18ཉིན་གྱི་གོང་བདེའི་འཛད་སྤྱོད”ཀྱི་བརྗོད་གཞི་ལ་དམིགས་ནས།  “སྲིད་གཞུང་གིས་འཛད་སྤྱོད་ལ་རྒྱབ་སྐྱོར་དང་ཁེ་ལས་ཀྱིས་འཛད་སྤྱོད་ལ་སྐུལ་བ་གཉིས་ཟུང་འབྲེལ”གྱི་བྱེད་ཐབས་གསར་གཏོད་དང་ལག་བསྟར་བྱས་ཏེ།  འཛད་སྤྱོད་ཀྱི་རྣམ་པ་དང་དཔལ་འབྱོར་གྱི་འཕེལ་རྒྱས་གཉིས་གཅིག་ལ་གཅིག་རྟེན་དུ་གྱུར་ཡོད།

བྱ་འགུལ་སྤེལ་བའི་རིང་དུ། འཛད་སྤྱོད་ལ་སྐུལ་བར་མ་དངུལ་སྒོར་འབུམ་གཉིས་དང་ཁྲི་བཞི་སྟོང་ལྔ་ལྷག་བཏང་བ་དང་།  གློག་རྡུལ་འཛད་སྤྱོད་ཤོག་བྱང་སྟོང་བརྒྱད།  དྲ་ལམ་གྱི་འཛད་སྤྱོད་ཤོག་བྱང་སྟོང་ལྔ་ལྷག་བྱིན་ནས།  འཛད་སྤྱོད་པར་འཛད་སྤྱོད་ཐུབ་པ་ནས་འཛད་སྤྱོད་ལ་དགའ་བའི་རྣམ་པར་ཐོལ་བརྒལ་བྱེད་པར་སྣེ་ཁྲིད་བྱས་པ་དང་།  རྒྱུན་ཆད་མེད་པར་ཁྲོམ་རར་གསོན་ཤུགས་རྒྱས་པར་བྱས་ཏེ།  སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་པོ་རྒྱུན་མཐུད་ངང་འཕེལ་བར་བྱས། བྱ་འགུལ་སྟེང“འཛད་སྤྱོད་ཀྱི་སྒོར་གྲངས་ལོངས་ན་གོང་བདེ་བྱེད”པའི་རྣམ་པ་སྤྱད་ནས།   བཅད་གྲངས་ཡན་གྱི་རྒྱུན་སྤྱོད་དངོས་ཟོག་དང་རྡོ་སྣུམ་ཐོན་རྫས་ཕྱིར་འཚོང་བྱེད་པའི་ཁེ་ལས་ལ་སྣེ་ཁྲིད་བྱས་ཏེ།  སྐད་འཕྲིན་གྱི་གཤེར་ཨང་ལས་འཛད་སྤྱོད་སྒོར100ལོངས་ན་སྒོར15ཡིས་གོང་བདེ་བྱེད་པ་དང་།  སྒོར200ལོངས་ན་སྒོར30ཡིས་གོང་བདེ་བྱེད་པ།  སྒོར300ལོངས་ན་སྒོར50ཡིས་གོང་བདེ་བྱེད་པ་བཅས་ཀྱི་རྣམ་པ་མི་འདྲ་བའི་བྱེད་ཐབས་ལ་བརྟེན་ནས།  གཞི་རྩའི་དགོས་མཁོ་བསྐངས་པར་མ་ཟད་ཐོན་རྫས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་བྱས་ཡོད་ལ།  མང་ཚོགས་ཀྱི་འཛད་སྤྱོད་སྤྲོ་སེམས་ཀྱང་འཕེལ་བར་བྱས་ཡོད།  སྲོལ་རྒྱུན་གྱི་འཛད་སྤྱོད་རྣམ་པར་ཐོལ་བརྒལ་བྱས་ཏེ་ཐེངས་དང་པོར“སྲིད་གཞུང་དང་ཁེ་ལས་མཉམ་འབྲེལ་བྱེད་པ་དང་སྲིད་ཇུས་མཉམ་དུ་ལོངས་སྤྱོད་པའི”རྣམ་པ་གསར་བ་གསར་གཏོད་བྱས་ཏེ།  ཁུལ་སྤོ་སྒུལ་ཀུང་ཟི་དང་མཉམ་འབྲེལ་སྒོས་སྒོར9.9དང་སྒོར18ཅན་གྱི་འཛད་སྤྱོད་གཟིགས་སྐྱོང་ཤོག་བྱང་སོགས་བྱིན་ནས།  ཁེ་ལས་ལ་ཕན་པ་དང་མང་ཚོགས་ལ་ཕན་པའི་འཛད་སྤྱོད་སྲིད་ཇུས་ཀྱི་དགེ་མཚན་སྔོག་འདོན་བྱས་ཏེ།  ཚོང་པར་སྣེ་ཁྲིད་དང་ཚོང་ཟོག་ཕྱིར་འཚོང་སྒོས་འཛད་སྤྱོད་ཉུང་བའི་དུས་ཚིགས་ཀྱི་ཤན་ཤུགས་ཐག་གཅོད་བྱས།  “དྲ་ལམ་ནས་ཕྱིར་འཚོང་དང་ཡུལ་དངོས་ནས་མྱོང་རོལ”བྱེད་པའི་ལངས་གཟིགས་ཚོང་གཉེར་རྣམ་པ་སྐྲུན་ནས།  ཁེ་ལས་ཀྱིས་འཁྱུག་དབྱངས་དང་མགྱོགས་འཕྲིན་སོགས་ཀྱི་སྤྱི་སྟེགས་ལ་བརྟེན་ནས་བྱ་འགུལ་ཁྲོད་ཞུགས་པར་སྐུལ་འདེད་བྱེད་པ་དང་།  དྲ་ལམ་གྱི་ཟླ6པའི་ཚེས18ཉིན་གྱི་འཛད་སྤྱོད་ལ་སྐུལ་བའི་མཐོ་རླབས་ལ་བརྟེན་ནས་དྲ་ཞུགས་པ་མང་པོ་ཡུལ་དངོས་ལ་ཡོང་ནས་འཛད་སྤྱོད་བྱེད་པར་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད།  དེ་དང་ཆབས་ཅིག  ཁེ་ལས་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞབས་ཞུའི་རྣམ་པ་བཙུགས་ནས།  དུས་ཐོག་ཏུ་འཛད་སྤྱོད་ལ་སྐུལ་བའི་སྲིད་ཇུས་ལ་འགྲེལ་བཤད་བྱས་ཏེ།  བྱ་འགུལ་གྱི་གོ་རིམ་ཧྲིལ་བོ་བདེ་བླག་དང་གོ་རིམ་ལྡན་པའི་ངང་སྤེལ།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།