སྐབས26པའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་ཀྲུང་གོ་དང་མོ་ཞི་ཁོ་གཏིང་ཟབ་སྒོས་མཉམ་འབྲེལ་བྱེད་པའི་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་མའོ་ཞི་ཁོའི་སྐོར་གྱི་བྱ་འགུལ་རབ་དང་རིམ་པ་གོ་རིམ་ལྡན་པའི་ངང་སྤེལ།
2025.06.19 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ6པའི་ཚེས18ཉིན། གསར་འགོད་པའི་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཅན་གྱི་སྟེགས་བུའི་ནུས་པ་ནུས་ཤུགས་ཡོད་རྒུས་འདོན་སྤེལ་བྱེད་ཆེད།  སྐབས26པའི་ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དང་དངུལ་གཏོང་ཉོ་ཚོང་ཚོང་གཏམ་གྲོས་ཚོགས་ཀྱིས་མོ་ཞི་ཁོ་གདན་འདྲེན་བྱས་ནས་སྐུ་མགྲོན་གཙོ་བའི་རྒྱལ་ཁབ་ཀྱི་འགན་འཁུར་དུ་བཅུག དེའི་རིང་འགྲེམས་སྟོན་ཁང་གི་སྒོ་འབྱེད་མཛད་སྒོ་དང་དཔལ་འབྱོར་ཚོང་དོན་མཉམ་ལས་སྤེལ་རེས་ཚོགས་འདུའི་བརྗོད་བྱ་གཙོ་བོ་གཉིས་ཀྱི་བྱེད་སྒོ་སྤེལ་ལ། མོ་ཞི་ཁོ་ཡི་རྒྱལ་ཁབ་ཀྱི་རྣམ་པ་དང་དངུལ་གཏོང་གོ་སྐབས་ཁྱོན་ཡོངས་ནས་འགྲེམས་སྟོན་བྱས་པ་དང་།ཀྲུང་གོ་དང་མོ་ཞི་ཁོ་ཕན་ཚུན་བར་དངོས་གཉེར་མཉམ་ལས་བྱས།

རྒྱུས་ལོན་པ་ལྟར་ན། ཟླ6པའི་ཚེས24ཉིན། མོ་ཞི་ཁོ་ཡི་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཀྱི་འགྲེམས་སྟོན་ཁང་གི་སྒོ་འབྱེད་མཛད་སྒོ་མཚོ་སྔོན་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་ནས་གཟབ་རྒྱས་ངང་སྤེལ། མཛད་སྒོར་མགོ་ཁྲིད་གྱིས་གཏམ་བཤད་པ་དང་། གཡང་དར་གཅོད་པ་དང་འགྲེམས་སྟོན་ཁང་ལ་ལྟ་སྐོར་བྱེད་པ་བཅས་བྱས།  དེ་ཡིས་མོ་ཞི་ཁོ་དང་མཚོ་སྔོན་བར་གྱི་རྒྱལ་སྤྱིའི་མཉམ་ལས་འབྲེལ་བའི་གྲུབ་འབྲས་དང་མ་འོངས་པའི་རེ་སྨོན་ནུས་ལྡན་སྒོས་མཚོན་པར་བྱས་ཡོད།  འགྲེམས་སྟོན་གྱིས་གསོན་ཉམས་ལྡན་པའི་སྒོ་ནས་མོ་ཞི་ཁོ་ཡི་ཡུན་རིང་བའི་ལོ་རྒྱུས་རིག་གནས་མངོན་པ་དང་། ཁྱད་ལྡན་ཐོན་ལས་ཀྱི་བཟང་ཕྱོགས་དང་ཀྲུང་གོ་བར་གྱི་མཉམ་འབྲེལ་གྲུབ་འབྲས་མངོན་པར་བྱས་ནས། གྲོས་ཚོགས་ལ་ཞུགས་པའི་སྐུ་མགྲོན་རྣམས་མོ་ཞི་ཁོ་ཡིོ་དངུལ་གཏོང་ཁོར་ཡུག་དང་ཉོ་ཚོང་གོ་སྐབས་ལ་རྒྱུས་ལོན་བྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཏུ་གྱུར།

དེ་དང་ཆབས་ཅིག ཟླ6པའི་ཚེས25ཉིན། ཀྲུང་གོའི་མཚོ་སྔོན་དུ་མོ་ཞི་ཁོ་ཡི་དཔལ་འབྱོར་ཚོང་དོན་མཉམ་ལས་སྤེལ་རེས་ཚོགས་འདུ་དེ་ཟི་ལིང་ཧྥུའུ་ལིས་བན་ཏྰ་བིན་ཧྭའི་གསོལ་མགྲོན་ཁང་ནས་སྤེལ་རྒྱུ་རེད། བརྗེ་རེས་ཚོགས་འདུའི་ལྗང་མདོག་ནུས་ཁུངས་དང་རྒྱུ་ཆ་གསར་པ། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས། རིག་གནས་ཡུལ་སྐོར་སོགས་ཕན་ཚུན་དགེ་མཚན་ལྡན་པའི་ཁྱབ་ཁོངས་ནས་བརྗེ་རེས་བྱེད་པ་དང་།  རྒྱལ་ཁབ་གཉིས་ཀྱི་ཁེ་ལས་གནད་ལ་འཁེལ་བའི་སྒོ་ནས་སྦྲེལ་མཐུད་བྱེད་པ་དང་། བརྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞིའི་འོག་མཉམ་ལས་ཀྱི་གོ་སྐབས་གསར་བ་མཉམ་དུ་འཚོལ་དགོས།

བརྗོད་དོན་གཙོ་བོའི་བྱེད་སྒོ་གཉིས་སྤེལ་བ་ལས། ཀྲུང་གོ་དང་མོ་ཞི་ཁོ་གཉིས་བར་གྱི་དཔལ་འབྱོར་ཉོ་ཚོང་དངུལ་གཏོང་དང་མི་ཆོས་རིག་གནས་བརྗེ་རེས་ཁྱབ་ཁོངས་ཀྱི་མཉམ་ལས་བར་སྟོང་སྔར་ལས་ཇེ་ཆེར་བཏང་པ་དང་། རྒྱལ་ཁབ་སྤྱིའི་ཕྱི་འབྲེལ་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་ཁུལ་ཁོངས་དཔལ་འབྱོར་མཉམ་ལས་གཏིང་ཟབ་བྱེད་པར་སྒུལ་ཤུགས་གསར་བ་བསྩལ།

ཏིང་འཛིན་མཚོ་མོས་བསྒྱུར།