ཉི་ཟླ་ཡུལ་ཚོས་སྡེ་བའི་སློབ་ཆེན་པའི་ཏང་ཀྲི་པུའུ་ཧྲུའུ་ཅི་གསོ་སྐྱོང་ལེགས་པོ་བྱས།
2025.06.22 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ6པའི་ཚེས19ཉིན།  ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་ཉི་ཟླ་བོད་རིགས་ཡུལ་ཚོའི་རྩ་འཛུགས་ཨུ་ཡོན་ཝང་ཅན་ཞོན་གྱིས་བཤད་རྒྱུར། “ད་ལོ་ནས་བཟུང་།  ང་ཚོས‘ཁྱོན་ཡོངས་ལྔའི’ཆེད་དོན་བྱ་འགུལ་དམ་འཛིན་བྱས་ཏེ།  གྲོང་གསེབ་དར་སྤེལ་ཁྲོད་འཇོན་ནུས་ཡོད་པ་དང་ཞབས་ཞུ་བཟང་བ།  འཕེལ་རྒྱས་ལ་སྐུལ་བའི་སློབ་ཆེན་པའི་ཏང་ཀྲི་པུའུ་ཧྲུའུ་ཅི་གསོ་སྐྱོང་ལེགས་པོ་བྱས་ཡོད”ཟེར།

སྟོང་སྐོར་རྫོང་གིས་སྡེ་བའི་སློབ་ཆེན་པའི་ཏང་ཀྲི་པུའུ་ཧྲུའུ་ཅི་གསོ་སྐྱོང་བྱ་བར་དམ་པོར་དམིགས་ཏེ།  ཤུགས་ཆེན་པོས‘ཁྱོན་ཡོངས་ལྔའི’ཆེད་དོན་བྱ་འགུལ་སྤེལ་བ་དང་།  ཕྱོགས་ཡོངས་ནས་སྡེ་བའི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ་དང་ཁྱིམ་དུ་བཅར་འདྲིར་བསྐྱོད་པ།  དམངས་ཚིས་དོན་དངོས་ཁག་ཅིག་སྒྲུབ་པ།  བཅོས་སྐྱོང་གནད་དོན་ཁག་ཅིག་དབྱེ་འབྱེད་བྱེད་པ།  ཐོན་ལས་ཀྱི་ལས་གཞི་ཁག་ཅིག་ལ་ཇུས་འགོད་བྱེད་པ་བཅས་བྱས་ནས། སྡེ་བའི་སློབ་ཆེན་པའི་ཏང་ཀྲི་པུའུ་ཧྲུའུ་ཅི་དག་གིས་སྡེ་བའི་གནས་ཚུལ་ལ་རྒྱུས་ལོན་ཡོད་པ་དང་འཇོན་ནུས་ཡོད་པ།  མགྱོགས་མྱུར་ངང་མཚར་ལོངས་འབྱུང་བར་གཞོགས་འདེགས་བྱས།

སྟོང་སྐོར་རྫོང་གིས་ཡུལ་དངོས་ནས་རྟོག་ཞིབ་དང་བཞུགས་མོལ་ཁ་བརྡ་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས།  སྡེ་བའི་གཞི་རྩའི་གནས་ཚུལ་གྱི་ཡིག་ཚགས10བཟོས་པ་དང་།  ཡང་དག་པའི་ངང་སྡེ་བའི་གཞི་རྩའི་གནས་ཚུལ་དང་འཕེལ་རྒྱས་ཀྱི་སྦས་ཤུགས་ཁོང་དུ་ཆུད་པར་བྱས་ནས།  སྡེ་བའི་སློབ་ཆེན་པའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ནུས་ལ་རྨང་གཞི་བཟང་བོ་བཏིངས་ཡོད།  སྡེ་བའི་ཁྱིམ་ཚང་བཞི་སྟོང་དགུ་བརྒྱ་ལྷག་ལ་བཅར་འདྲིར་སོང་བ་དང་།  ཐོན་ལས་ཀྱི་འཕེལ་རྒྱས་དང་གཞི་རིམ་བཅོས་སྐྱོང་སོགས་ཀྱི་བསམ་འཆར128བསྡུ་ལེན་བྱས་པར་མ་ཟད།  “དམངས་ཚིས་སྐོར་གྱི་རེ་ཞུའི་གསལ་ཐོ”བཟོས་ནས་རང་འགུལ་ངང་སྦྲེལ་མཐུད་བྱེད་པ་དང་གོ་རིམ་བཞིན་འགྲུབ་པར་བྱས།  “བཅོས་སྐྱོང་གནད་དོན་གྱི་འགག་སྒྲོལ་རྩིས་ཐོ”བཟོས་ཏེ།  ཡུལ་ཚོའི་ཏང་ཨུའི་མཛུབ་སྟོན་དང་ཧྲུའུ་ཅི་རྒན་པའི་ཁྲིད་སྟོན།  སྡེ་བ་གཞན་པ་དང་གྲོས་བསྡུར་བྱེད་པ་བཅས་ཟུང་འབྲེལ་གྱིས་ཁྱོན་སྡོམ་མི་འཚོ་སྡོད་བྱེད་སའི་ཁོར་ཡུག་བཅོས་སྐྱོང་སོགས་ཀྱི་གནད་དོན13ཐག་གཅོད་བྱས།  གྲོང་གསེབ་ཡུལ་སྐོར་དང་མཛེས་པའི་གྲོང་གསེབ་སོགས་ལས་གཞི10ཇུས་འགོད་བྱས་པ་དང་།  རའོ་ཡོ་ཐང་སྡེ་བའི་ཏང་ཀྲི་པུའུ་ཡིས་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་གྱི་ལས་གཞི་བརྩོན་ལེན་བྱས་ཏེ།  སྡེ་བའི་བཙོག་ཆུའི་སྤུ་གུ་དང་གཞུང་ལམ་གྱི་གནད་དོན་ཐག་གཅོད་བྱས།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།