གསར་འགོད་པས་རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར། རྒྱལ་ཁབ་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་དངོས་ཟོག་ཏུན་ཐེར་འབུམ་གཅིག་དུང་ཕྱུར་དྲུག་བྱེ་བ་བཞི་ས་ཡ་གཅིག་སྐྱེལ་འདྲེན་བྱས་པ་དང་། ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི3.1འཕར།
དངོས་ཟོག་འབོར་ཆེན་གྱི་སྐྱེལ་འདྲེན་ལ་འགན་ལེན་ནུས་ལྡན་བྱས། ཟླ་དང་པོ་ནས་ལྔ་པའི་བར། རྒྱལ་ཁབ་ལྕགས་ལམ་གྱིས་རྡོ་སོལ་ཏུན་དུང་ཕྱུར་བརྒྱད་་དང་བྱེ་བ་བཞི་ས་ཡ་ལྔ་སྐྱེལ་འདྲེན་བྱས། གཏེར་སྐྲུན་རྒྱུ་ཆ་དང་བཙོ་སྦྱང་དངོས་ཟོག འབྲུ་རིགས་དབོར་ཚད་བཅས་དུས་མཉམ་ལས་སོ་སོར22%དང་། 9.1% དང5.5%བཅས་འཕར་ནས། རྒྱལ་དམངས་དཔལ་འབྱོར་བརྟན་བརླིང་ངང་འཁོར་སྐྱོད་བྱེད་པར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱས།
ཟོང་འགྲུལ་ཞབས་ཞུའི་སྤུས་ཚད་མཐོ་རུ་ཕྱིན། ཟླ་དང་པོ་ནས་ལྔ་པའི་བར། དངོས་ཟོག་སྐྱེལ་འདྲེན་འབོར་ཆེན་གྱི“གཞུང་ལམ་ནས་ལྕགས་ལམ་དུ་སྒྱུར་བའི”ཕན་འབྲས་མངོན་གསལ་ཡིན་ཞིང་། སྣ་མང་མུ་འབྲེལ་སྐྱེལ་འདྲེན་གྱི“གཅིག་རྐྱང་རྣམ་པའི”ཐོན་རྫས43གསར་སྤེལ་བྱས་པ་དང་། ལྕགས་ལམ་དང་ཆུ་ལམ་མཉམ་སྐྱེལ་དོས་སྒམ་དངོས་ཟོག་ས་ཡ་དྲུག་དང་འབུམ་བརྒྱད་ཁྲི་གསུམ་སྟོང་གསུམ་སྐྱེལ་འདྲེན་བྱས་པ་དེ་ན་ནིང་གི་དུས་མཉམ་ལས18.4%འཕར་ཏེ། དངོས་ཟོག་སྐྱེལ་འདྲེན་གྱི་མ་རྩ་ཇེ་དམའ་རུ་བཏང་།
རྒྱལ་མཚམས་བརྒལ་བའི་དངོས་ཟོག་སྐྱེལ་འདྲེན་བརྟན་པོའི་ངང་ཤར་གཏོང་ཐུབ་ཡོད། ཟླ་དང་པོ་ནས་ལྔ་པའི་བར། ཀྲུང་གོ་དང་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་ཤར་གཏོང་བྱས་པ་དང་། ཀྲུང་གོ་དང་ལའོ་ཝུའོ་བར་གྱི་ལྕགས་ལམ་གྱིས་རྒྱལ་ཁོངས་བརྒལ་བའི་དངོས་ཟོག་ཏུན་ས་ཡ་གཉིས་དང་འབུམ་ལྔ་སྟོང་གཉིས་སྟོང་སྐྱེལ་འདྲེན་བྱས་པ་དེ་ན་ནིང་གི་དུས་མཉམ་ལས8%འཕར་ཏེ། རྒྱལ་སྤྱིའི་འདོན་སྤྲོད་ཕྲེང་འབྲེལ་བརྟན་པོའི་ངང་འཁོར་སྐྱོད་ཡོང་བར་འགན་སྲུང་བྱས།