ཟླ6པའི་ཚེས13ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་ཟི་ལིང་དང་མཚོ་ལྷོ། མཚོ་བྱང་། རྨ་ལྷོ། མགོ་ལོག་སོགས་ས་ཁུལ་དུ་སོང་ནས། རྨ་ཆུའི་མཚོ་སྔོན་འབབ་རྒྱུད་ཀྱི་གཏེར་མཛོད་ཡོངས་ཁྱབ་རྣམ་པའི་བདེ་འཇགས་ལག་རྩལ་མཉམ་བསྡུས་ཞིབ་བརྟག་ཆེད་དོན་འགུལ་སྐྱོད་སྤེལ།
ཐེངས་འདིའི་མཉམ་བསྡུས་ནད་བརྟག་གི་དམིགས་འབེན་མངོན་གསལ་ཡིན་ཞིང་གནད་ལ་འཁེལ་བས། མཛོད་ཁང་གཅིག་ལ་ཇུས་གཞི་གཅིག་གི་གནད་འཁེལ་ཇུས་བསྟར་རྩ་དོན་རྒྱུན་འཁྱོངས་བྱས་པ་དང་། ཆུ་རགས་ཀྱི་གཏན་འཇགས་རང་བཞིན་དང་བཙོག་འབུད་མ་ལག་གི་ནུས་པ། མཛོད་ཁང་ཉེ་འཁོར་གྱི་ཁོར་ཡུག་སོགས་འགག་རྩའི་ཁུལ་གྱི་ཉེན་ཁའི་མི་མངོན་པའི་རྐྱེན་ངན་བཅས་ལ་ཞིབ་བཤེར་ནན་མོ་བྱས་ཤིང་། སིམ་ཐིམ་རྣམ་པས་བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་མ་ལག་ལག་བསྟར་དང་། སྒྲིག་སྲོལ་ལམ་ལུག་ལག་བསྟར། མི་སྣའི་བདེ་འཇགས་ཟབ་སྦྱོང་དང་འཕྲལ་བསྟུན་སྦྱོང་བརྡར་བཅས་ཀྱི་ཕན་འབྲས་ལ་ཞིབ་བཤེར་བྱས་ཏེ། དྲ་ཐོག་ཚད་ལེན་མ་ལག་དང། ཞོད་འགོག་སྒྲིག་ཆས། འཕྲལ་བསྟུན་དངོས་རྒྱུ་གསོག་ཉར་དང་ཞིག་གསོའི་གནས་ཚུལ་བཅས་ལ་ཞིབ་བཤེར་ནན་མོ་བྱས། མཛོད་ཁང་རེ་རེའི་ཉེན་ཁའི་རིགས་དང་དོ་དམ་གྱི་ཞན་ཆ། སྒྲིག་ཆས་མི་འདང་ས་བཅས་ལ་དམིགས་ནས། སོ་སོའི་རྒྱུ་རྐྱེན་ལ་དབྱེ་ཞིབ་ནན་མོ་བྱས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཉེན་ཁའི་རིམ་པར་དཔྱད་འཇོག་བྱས་ལ། ཚན་རིག་དང་མཐུན་པའི་སྒོ་ནས་བཅོས་སྐྱོང་ཇུས་གཞི་གཏན་འབེབས་བཟོས་ཤིང་། དམིགས་གཏད་རང་བཞིན་དྲག་ལ་བཀོལ་སྤྱོད་རང་བཞིན་ཆེ་བའི་འཕྲལ་བསྟུན་ཐག་གཅོད་ཇུས་གཞི་སྒྲིག་བཟོ་བྱས་ཏེ། བདེ་འཇགས་དོ་དམ་ཚོད་འཛིན་བྱེད་ཐབས་གནད་འཁེལ་སྒོས་དོན་ཐོག་ཏུ་འཁྱོལ་བ་དང་འཕྲལ་བསྟུན་བྱེད་ཐབས་ནུས་མཐོ་རིམ་ལྡན་སྒོས་ལག་བསྟར་བྱེད་པར་ཁག་ཐེག་བྱས།
མ་ལག་ལྡན་པའི་སྒོ་ནས་བཅོས་སྐྱོང་གི་ཉེན་ཁར་ཞིབ་བཤེར་དང་། དོ་དམ་གྱི་ཞན་ཆར་ཁ་གསབ། ངོ་བོའི་བདེ་འཇགས་ཆུ་ཚད་མཐོར་འདེགས་གཏོང་བ་བཅས་བརྒྱུད་དེ། རྨ་ཆུའི་མཚོ་སྔོན་འབབ་རྒྱུད་ཀྱི་གཏེར་མཛོད་ཀྱི་ཉེན་འགོག་ནུས་པ་མངོན་གསལ་སྒོས་ཇེ་མཐོར་ཕྱིན། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གྱིས་ཐེངས་འདིའི་མཉམ་བསྡུས་ཞིབ་བརྟག་གྲུབ་འབྲས་དེ་འགོ་རྩོམ་ས་གསར་བར་བརྩིས་ནས། གཏེར་མཛོད་ཀྱི་བདེ་འཇགས་དོ་དམ་ནུས་པ་མུ་མཐུད་དུ་ཇེ་ཆེར་གཏོང་བ་དང་། ཁེ་ལས་ཀྱི་འགན་འཁྲི་གཙོ་བོ་དངོས་འབེབས་བྱས་ཏེ། བཅོས་སྐྱོང་བྱེད་ཐབས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་རྨ་ཆུ་དལ་གྱིས་འབབ་པར་འགན་ལེན་བྱས་ནས། ཆུ་ཚད་མཐོ་བའི་བདེ་འཇགས་ཀྱིས་འབབ་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་བྱེད་རྒྱུ་རེད།
ལྷ་མོ་འཚོས་བསྒྱུར།