ཞིང་ཆེན་གཞུང་ལམ་ཅུའུ་ཡིས་མཚོ་སྐོར་ལྕགས་རྟའི་འགྲན་རྒྱུགས་བདེ་བླག་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས།
2025.06.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

2025ལོའི་སྐབས་ཉེར་བཞི་པའི“ཀྲུང་གོའི་བཟོ་ཚོང་དངུལ་ཁང་རྟགས་མའི”རབ་མཛེས་མཚོ་སྔོན་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟའི་འགྲམ་སྡུར་གྱི་འགན་སྲུང་ལས་འགན་སྤུས་ཚད་མཐོ་བའི་སྒོ་ནས་ཡོངས་འགྲུབ་བྱ་ཆེད། ཞིང་ཆེན་གཞུང་ལམ་ཅུའུ་ཡིས་ལམ་མདོ་མང་བ་དང་ལམ་གྱི་གནས་ཚུལ་རྙོག་འཛིང་ཆེ་བ། ལས་འགན་ལྗིད་པ་སོགས་ཀྱི་བྱ་བའི་གནད་དོན་དངོས་ཧུར་ཐག་གིས་ཐག་བཅད་ནས། མཁྲེགས་གཏོར་བྱ་བར་རྒྱལ་ཁ་ཐོབ་པ་དང་མཇུག་བསྡུ་བའི་བྱ་བར་རྒྱལ་ཁ་ཐོབ་པའི་ཆོད་སེམས་ལ་བརྟེན་ནས་སྔོན་ལ་བཀོད་སྒྲིག་བྱས་ཏེ། གཞུང་ལམ་གྱི་གནད་དོན་བཅོས་སྐྱོང་དང་བདེ་འཇགས་ལ་གནོད་པའི་རྐྱེན་རྩ་ཞིབ་བཤེར་བཅོས་སྐྱོང་། ལམ་རྒྱུད་ཀྱི་ཁོར་ཡུག་བཅོས་སྐྱོང་བཅས་ཀྱི་བྱ་བ་ཏན་ཏིག་གིས་སྤེལ།

གཞུང་ལམ་གནས་ཚུལ་གྱི་ལག་རྩལ་ཆུ་ཚད་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་དང་ལམ་གྱི་གནད་དོན་མགྱོགས་མྱུར་སྒོས་བཅོས་སྐྱོང་བྱ་ཆེད། ཟླ5པ་ནས་བཟུང་། ཧོང་ཡོན་དང་མཚོ་ཤར་གཞུང་ལམ་གྱི་སྤྱིའི་ལམ་དུམ་གྱི་འགྲན་སྡུར་དང་འབྲེལ་བའི་ལམ་ངོས་ཀྱི་གནད་དོན་ལ་ཞིབ་དཔྱད་ཞིབ་ཕྲ་བྱས་པ་དང་། ཚན་རིག་དང་མཐུན་པའི་བཟོ་སྐྲུན་ཇུས་གཞི་བཟོས་ནས་འགྲན་སྡུར་དང་འབྲེལ་བའི་ལམ་ངོས་ཀྱི་གནད་དོན་བཅོས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་། མིག་སྔའི་བར་དུ། རྒྱལ་ལམ213ལམ་ཐིག་དང་རྒྱལ་ལམ227ལམ་ཐིག་སོགས་བསྡོམས་པས་སྤྱི་ལེ524ལྷག་ཡོད་པའི་ལམ་ཐིག6ལ་ལམ་ངོས་བཅོས་སྐྱོང་སྨི་ངོས་སྙོམས་གྲུ་བཞི་མ་ཁྲི་དྲུག་དང་སྟོང་དྲུག་བདུན་བརྒྱ་ཐག་གཅོད་བྱས་པ་དང་། སྤྱིའི་གྲངས་ཀྱི97%ཡོངས་འགྲུབ་བྱས་ལ། སྔོན་དཔག་བྱས་ན་ཟླ6པའི་ཟླ་མཇུག་ཏུ་ཚང་མ་ལེགས་འགྲུབ་ཐུབ་རྒྱུ་རེད།

འགྲན་སྡུར་བདེ་འཇགས་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་ཆེད།    འགྲན་སྡུར་དང་འབྲེལ་བ་ཡོད་པའི་བགྲོད་ལམ་ལ་ཞིབ་བཤེར་གཏིང་ཟབ་བྱས་ནས་སྐོར་ཞིབ་ལྟ་ཞིབ་ཚད་ལེན་བྱེད་ཚད་ཇེ་མང་དུ་བཏང་ཡོད།  མི་རེར་དུམ་བུ་གཅིག་དང་དུམ་བུ་རེར་ཐབས་ཇུས་གཅིག་གི་ཉེན་ཁ་དོ་དམ་ཚོད་འཛིན་གྱི་བྱེད་ཐབས་སྤྱད་དེ། ཉེན་ཁའི་གནས་ཚུལ་སྔ་མོ་ནས་རྙེད་པ་དང་སྔ་མོ་ནས་ཐག་གཅོད་བྱས་ཏེ། དུས་ཐོག་ཏུ་ཉེན་ཁའི་མངོན་མེད་རྐྱེན་ངན་སེལ་ནས་གཞུང་ལམ་ཤར་གཏོང་གི་བདེ་འཇགས་འགན་ལེན་བྱས།     སྐོར་ཞིབ་མི་སྣ་བསྡོམས་པའི་མི་ཐེངས897མངག་པ་དང་མངོན་མེད་རྐྱེན་ངན་གྱི་གནས21རྙེད་པས། མིག་སྔར་ཚང་མར་བྱེད་ཐབས་ནུས་ལྡན་སྤྱད་དེ་བཅོས་སྐྱོང་བྱས་ཡོད།

དེ་དང་ཆབས་ཅིག ལམ་རྒྱུད་ཀྱི་ཁོར་ཡུག་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས། མི་སྣ་དང་འཕྲུལ་ཆས་བཀོལ་ཤུགས་ཆེ་རུ་བཏང་བ་དང་།  ལམ་ངོས་གཙང་ཕྱག་དང་གད་སྙིགས་གཙང་བཤེར་ཀྱི་ཚད་ཇེ་མཐོར་བཏང་ནས། དུས་ཐོག་ཏུ་གཞུང་ལམ་གྱི་ཆུ་འབུད་མ་ལག་གཙང་སེལ་དང་གཞུང་ལམ་ཞོར་གཏོགས་སྒྲིག་བཀོད་ཉམས་གསོ་བཅས་བྱས། ལམ་འགྲམ་གྱི་རྩྭ་འབྲེག་པ་དང་། མེ་ཏོག་དང་རྩྭ་འདེབས་པ་སོགས་ཀྱི་བྱ་བ་བཟང་བོར་སྒྲུབ་པ་དང་། ནུས་ཤུགས་ཡོད་རྒུས་ཤར་གཏོང་དང་བདེ་འཇགས། སྐྱིད་པ། མཛེས་པ་བཅས་ཀྱི་འགྲན་བསྡུར་ཁོར་ཡུག་བསྐྲུན། མིག་སྔའི་བར་དུ། རིམ་རྩིས་བྱས་ན་འགྱིག་ཤོག་གི་གད་སྙིགས་དང་ཡུར་བ་གཙང་སེལ་བྱེད་པ། ལམ་རྡིབ་པ་དང་རྡོ་ལྷུང་བ་གཙང་སེལ་བྱེད་པ། ལམ་གྱི་རྒྱ་ཁྱོན་སྨི་གྲུ་བཞི་ལྷམ་པ3703གཙང་སེལ་བྱས་པ་དང་། མཁན་པ་སྨི་ངོས་སྙོམས་གྲུ་ཁྲི་དྲུག་དང་སྟོང་བདུན་བཞི་བརྒྱ་གཙང་སེལ་བཅས་བྱས། ལམ་གྱི་སྲུང་ར་སྨི་ངོས་སྙོམས་གྲུ་བཞི6933གཙང་བཀྲུ་བྱས་པ་དང་། ལམ་ཚད་རྡོ་རིང་ཇེ་དྲང་དུ་གཏོང་བ་དང་སྨི་བརྒྱ་ཡི་རྟགས་མ478བརྗེ་སྤོར་བྱས། ལམ་རྒྱུད་ཀྱི་སྒྲིག་བཀོད་སྨི་ངོས་སྙོམས་གྲུ་བཞི9643ལྷག་ལ་ཚོན་རྩི་བྱུགས་པ་དང་།  ཐིག་རྟགས་སྨི་ངོས་སྙོམས་གྲུ་བཞི1603ལྷག་ཁ་གསབ་བྱས་པ། གཟར་ངོས་ཀྱི་སྨི་ངོས་སྙོམས་གྲུ་བཞི་ཁྲི་གཉིས་དང་སྟོང་གཉིས་བརྒྱ་ལ་རྩྭ་བཏང་ནས་ལྗང་མདོག་སླར་གསོ་བྱས།

གཞན་ཡང་། ནུས་ཤུགས་ཡོད་རྒུས་མཚོ་སྐོར་ལྕགས་རྟ་འགྲན་རྒྱུགས་ཀྱི་འགྲན་སྡུར་དང་འབྲེལ་བའི་ལམ་དུམ་བདེ་འཇགས་དང་ཤར་གཏོང་ཐུབ་པའི་འགན་ལེན་བྱ་ཆེད། གློ་བུར་དུ་བྱུང་བའི་ལས་འཛོལ་ལ་འཕྲལ་བསྟུན་ཐག་གཅོད་ནུས་པ་མཐོ་རུ་བཏང་བ་དང་། མཚོ་ཤར་གཞུང་ལམ་གྱི་སྤྱིའི་ལམ་དུམ་དེས་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ་འཕྲལ་བསྟུན་ཉེན་སེལ་མཉམ་འབྲེལ་དངོས་འཐབ་སྦྱོང་བརྡར་བྱས་ནས། གཞུང་ལམ་གྱི་རང་བྱུང་གནོད་འཚེའི་ཐད་ཁ་གཏད་འཇལ་བའི་འཕྲལ་བསྟུན་ཐག་གཅོད་ནུས་པ་སྔར་ལས་ཆེ་རུ་ཕྱིན་ཡོད།

ཤ་བོ་རིན་མཚོས་བསྒྱུར།