​མཚོ་ནུབ་ཁུལ་གྱིས་སྤྱི་ཚོགས་འགན་བཅོལ་གྱི་སྤུས་ཚད་ཇེ་མཐོར་བཏང་སྟེ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་བཏགས།
2025.06.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ད་ལོར་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཀྱིས་མང་ཚོགས་ཀྱི་དགོས་མཁོ་ཕྱོགས་སྟོན་དུ་བྱས་ཏེ་ལམ་ལུགས་སྒྱུར་བཅོས་དང་། འགན་བཅོལ་ནང་ཞུགས་རྒྱ་ཆེ་རུ་གཏོང་བ། ཐོབ་ཐང་འགན་ལེན་སོགས་ཁྱབ་ཁོངས་སུ་རྒྱུན་མཐུད་ངང་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་སྤྱི་ཚོགས་འགན་བཅོལ་ཞབས་ཞུའི་སྤུས་ཚད་ཇེ་མཐོར་བཏང་སྟེ་སྲིད་ཇུས་ཀྱི་ཁེ་ཕན་རིགས་སོ་སོའི་མང་ཚོགས་ལ་ཐོབ་ཏུ་བཅུག་ཡོད། ཁེ་ལས3744ཡི་ལས་ཤོར་འགན་བཅོལ་གྲོན་དངུལ་གྱི་ཚད་གཞི་ཇེ་དམའ་རུ་བཏང་བ་དང་། གྲོན་དངུལ་སྒོར་སྟོང་བཞི་དྲུག་བརྒྱ་དང་གསུམ་སྤྲོད་མི་དགོས་པ་དང་།  ལས་ཤོར་འགན་བཅོལ་དངུལ་གྱི་ཚད་གཞི་ཟླ་རེར་སྒོར1872ཇེ་མཐོར་བཏང་། དཀའ་ངལ་ཡོད་པའི་མང་ཚོགས4164ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྲོན་དངུལ་སྒོར་འབུམ་བདུན་དང་ཁྲི་གསུམ་སྟོང་དྲུག་ཚབ་འཇལ་བྱས། 

མཚོ་ནུབ་ཁུལ་གྱིས་ཤུགས་ཆེན་པོས་ལས་འཁྱེར་ངལ་གསོའི་ལམ་ལུགས་བཅོས་སྒྱུར་བྱས་ཏེ། ཁྱོན་ཡོངས་ནས་རྒན་གསོའི་འགན་བཅོལ་མ་ལག་རྒྱལ་ཡོངས་དང་གཅིག་གྱུར་བྱེད་པར་འགན་ལེན་བྱས་ཡོད། ལས་ཤོར་འགན་བཅོལ་གྱི་ནུས་པ་འདོན་སྤེལ་བྱས་ཏེ“རིན་གོང་གཅོག་པ་དང་། ལས་གནས་བརྟན་པོ། ལག་རྩལ་མཐོར་གཏོང་། རྩལ་ནུས་ཆེར་གཏོང་། ལས་གནས་ཆེར་གཏོང་བཅས་ཟུང་འབྲེལ”སྡེབ་སྒྲིག་བྱེད་ཐབས་སྤྱད་དེ་དུས་མཚམས་རང་བཞིན་གྱི་སྒོ་ནས་ལས་རྨས་ལས་ཤོར་འགན་བཅོལ་གྱི་གྲོན་དངུལ་གྱི་ཚད་གཞི་ཇེ་དམའ་རུ་བཏང་ནས་ཁེ་ལས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་ལས་གནས་རྒྱ་སྐྱེད་ཀྱི་ཁ་གསབ་སྤྲོད་པ་དང་རྩལ་ནུས་མཐོར་གཏོང་གི་ཁ་གསབ་ཁྱབ་གདལ་བཏང་བ། མིག་སྔར། ཁེ་ལས14ལ་ཐེངས་གཅིག་རང་བཞིན་གྱི་ལས་གནས་རྒྱ་སྐྱེད་ཀྱི་ཁ་གསབ་རོགས་དངུལ་སྒོར་ཁྲི་གཉིས་དང་འབུམ་གཅིག་སྟོང་བདུན་ལྔ་བརྒྱ་སྤྲད་པ་དང་། ལས་བཟོ་པ145ལ་ཕན་པ་ཐོབ་པ་དང་། ལས་བཟོ་པ497ལ་རིམ་རྩིས་བྱས་ན་རྩལ་ནུས་མཐོར་གཏོང་གི་ཁ་གསབ་རོགས་དངུལ་སྒོར་འབུམ་དགུ་ཁྲི་གཉིས་སྟོང་ལྔ་དང་ལྔ་བརྒྱད་སྤྲད་པ་རེད།

དུས་མཚུངས་སུ། གཞི་གྲངས་ཆེན་པོར་བརྟེན་ནས་“འགན་བཅོལ་ཆད་ལུས་ཤོར་པ”དང“འགན་བཅོལ་ཆད་ལུས་ཤོར་པའི”མི་སྣ་འཚོལ་ཞིབ་དང་། བབ་བསྟུན་ལས་ཞུགས་དང་ལས་རྣམ་གསར་པའི་ལས་སྒྲུབ་པ་འགན་བཅོལ་ནང་ཞུགས་པར་ཁྲིད་སྟོན། དཀའ་ངལ་ཡོད་པའི་ཚོགས་སྤྱིར་དམིགས་པ། འགུལ་རྣམ་གཞི་གྲངས་རྗེས་རེས་བྱེད་པ་བཅས་བྱས་ཏེ། “གསར་སྣོན་གཅིག་ཡོད་ན་དེར་འགན་སྲུང”བྱེད་དགོས། མིག་སྔར། ཁུལ་ཡོངས་ཀྱི་ཁེ་ལས་ཀྱི་ལས་བཟོ་པའི་རྒན་གསོ་དང་། ལས་རྨས། ལས་ཤོར་འགན་བཅོལ་བཅས་སུ་ཞུགས་པའི་མི་ཚང་མའི་འགན་སྲུང་དམིགས་ཚད་ལེགས་འགྲུབ་བྱུང་སྟེ། ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་རྨས་འགན་བཅོལ་ནང་ཞུགས་ཚད་བརྒྱ་ཆའི100ཟིན་ཡོད།

རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ལས་སྟེགས་ལ་བརྟེན་ནས་མཚོ་ནུབ་ཁུལ་གྱིས་སྤྱི་ཚོགས་འགན་སྲུང་ཐད་ཀྱི་ཞབས་ཞུའི་དོན་ཚན191ལ་གཅིག་གྱུར་སྒོས་ཚད་ལྡན་དུ་བཏང་བ་དང་། “རྒྱུ་ཆ་ཇེ་ཉུང་དུ་གཏོང་བ་དང་དུས་ཚོད་ཇེ་ཐུང་དུ་གཏོང་བར”ཤུགས་ཆེན་པོ་བཏོན་ནས། ངོ་སྤྲོད་ཡི་གེ26མེད་པར་བཟོས་པ་ལས། རེ་ཞུ་བྱེད་པའི་རྒྱུ་ཆའི་ཐད་ནས་ཀྱང་ཧ་ཅང་སྟབས་བདེ་བཟོས་ཡོད།  དྲ་ཐོག་ཞབས་ཞུའི་སྟབས་བདེའི་རང་བཞིན་ལ་དགའ་བསུ་ཆེན་པོ་ཐོབ་པ་དང་། ད་བར་དུ་ལས་སྒོ་ཁྲི5.5གཉེར་ཟིན་པར་མ་ཟད། གདེང་འཇོག་བྱེད་ཚད་བསྟུད་མར་ཟླ་བ5ཡི་རིང100%རྒྱུན་བསྐྱངས་ཡོད།

ཚེ་མགོན་རྒྱལ་གྱིས་བསྒྱུར།