མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་སློབ་རའི་ཁེ་ལས་སྟེགས་བུ་བཙུགས་ནད་ལས་རིགས་ལག་རྩལ་མཐར་ཕྱིན་སློབ་མའི་སྤུས་ཚད་མཐོ་བའི་ལས་གཏོད་ལ་སྐུལ་འདེད་བཏང་།
2025.06.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དྲུག་པའི་ཚེས23ཉིན། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལས་རིགས་ལག་རྩལ་སློབ་མའི་ལས་ཀའི་གནད་དོན་ཐག་གཅོད་བྱེད་པར་དམིགས་ནས་ཁུལ་སློབ་གསོ་ཅུའུ་ཡིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁང་དང་འཕྲིན་གཏོང་སོགས་སྡེ་ཁག་ལ་མཉམ་འབྲེལ་བྱས་ནས་སློབ་རའི་ཁེ་ལས་དང་མཉམ་ལས་ཀྱི་སྟེགས་བུ་བཙུགས་པ་དང་། སློབ་རའི་ཁེ་ལས་ཀྱི་ཕྱོགས་ཡོངས་དང་ཁེ་ཕན་མཉམ་རྒྱལ་གྱི་འཕེལ་རྒྱས་གཅིག་མཐུན་ཚོགས་པ་བསྐྲུན་ནས་ཁུལ་ནང་ཁུལ་གྱི་ལས་རིགས་ལག་རྩལ་སློབ་མར་ལས་ཞུགས་ཀྱི་ཐབས་ལམ་གསར་བ་བཏོད། མིག་སྔའི་བར་དུ་ཐོག་མའི་གསོ་སྐྱོང་སློམ་མ་ཕལ་ཆེར་སུམ་ཅུ་ཡོད།

ཁུལ་སློབ་གསོ་ཅུའུ་ཡིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁང་དང་འཕྲིན་གཏོང་སྡེ་ཁག་བར་མཐུན་སྦྱོར་མཉམ་འབྲེལ་གྱིས་རྩ་འཛུགས་བྱས་ཏེ་ཡུས་ཧྲུའུ་ཁུལ་གྱི་ས་གནས་ཀྱི་འཕྲིན་གཏོང་འཇོན་མིའི་ཆེད་དོན་གསོ་སྐྱོང་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཀྲུང་གོ་ལྕགས་སྡོང་མ་རྐང་ཚད་ཡོད་ཀུང་ཟིའི་ཡུས་ཧྲུའུ་ཡན་ལག་ཀུང་ཟི་དང་ཀྲུང་གོ་གློག་འཕྲིན་གྱི་ཡུས་ཧྲུའུ་ཡན་ལག་ཀུང་ཟི། ཀྲུང་གོ་དབྱེ་ཏུང་གི་ཡུས་ཧྲུའུ་ཡན་ལག་ཀུང་ཟི། ཀྲུང་གོ་ལེན་ཐུང་གི་ཡུས་ཧྲུའུ་ཡན་ལག་ཀུང་ཟི་སོགས་འཕྲིན་གཏོང་ཁེ་ལས་བཞི་རྩ་འཛུགས་བྱས་ནས་ཁུལ་ལས་རིགས་ལག་རྩལ་སློབ་རར་ཡུལ་དངོས་རྟོག་ཞིབ་བྱས་པ་དང་། སློབ་རའི་ཁེ་ལས་ཀྱི་འཇོན་མི་གསོ་སྐྱོང་དང་ཆེད་ལས་ཀྱི་འཕྲིན་གཏོང་འཛུགས་སྐྲུན་སོགས་ནང་དོན་ཐད་ནས་བརྗེ་རེས་གཏིང་ཟབ་བྱས། ད་ལོའི་ཟླ་ལྔ་བ་ནས་བཟུང་། ཡུས་ཧྲུའུ་ཁུལ་གྱི་ལས་རིགས་ལག་རྩལ་སློབ་གྲྭ་དང་འཕྲིན་གཏོང་ཁེ་ལས་བཞིའི་བར་མཉམ་ལས་སྒྲོམ་གཞིའི་གྲོས་ཆོད་བཀོད། ཕྱོགས་གཉིས་ཀྱིས་སློབ་ཁྲིད་མཉམ་སྐྱོང་དང་དགེ་རྒན་གྱི་དཔུང་སྡེའི་བརྗེ་རེས། དངོས་སྦྱོང་འཁྲབ་སྦྱོང་མཉམ་ལས་སོགས་ཀྱི་རྣམ་པ་བརྒྱུད་ནས་ཁུལ་ལས་རིགས་ལག་རྩལ་སློབ་རའི་འཕྲིན་གཏོང་ཆེད་ལས་འཛུགས་སྐྲུན་མཐོར་འདེགས་ཐད་བཞག་ནས་ཁེ་ལས་ཀྱི་དགོས་མཁོ་དང་འཚམ་པའི་ཆེད་ལས་མི་སྣ་གསོ་སྐྱོང་བྱེད་པར་འགན་སྲུང་བྱ་དགོས། དེ་དང་དུས་མཉམ་དུ་འཕྲིན་གཏོང་ཁེ་ལས་བཞིས་ཆེད་ལས་འཇོན་མིའི་གསོ་སྐྱོང་སྤེལ་བ་དང་ལས་གཉེར་ཞབས་ཞུ་ཇེ་དྲག་ཏུ་བཏང་ནས་ཁུལ་ལས་རིགས་ལག་རྩལ་སློབ་གླིང་གི་ཐོན་སྐྱེད་དང་སློབ་སྦྱོང་། ཞིབ་འཇུག་བཅས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་བྱས་ཏེ། ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ཁྲིད་གཞི་ཞིབ་འཇུག་གི་བྱ་བ་སྤེལ་ནས་མཉམ་འབྲེལ་སྒོས་ཚན་རྩལ་ལས་གཞི་ཡར་ཞུ་བྱེད་པ་དང་། ཚན་རྩལ་གྲུབ་འབྲས་བེད་སྤྱོད་ལ་སྐུལ་འདེད་གཏོང་བ། ཐོན་སྐྱེད་དང་སློབ་སྦྱོང་། ཞིབ་འཇུག་བཅས་ཀྱི་མཉམ་ལས་རྟེན་གཞི་བཙུགས་ནས་སློབ་མས་ལག་ལེན་བྱེད་པ་དང་དགེ་རྒན་གྱིས་ཚན་ཞིབ་བྱེད་པ། ཁེ་ལས་ཀྱི་ལག་རྩལ་གསར་གཏོད་ཐད་ནུས་ལྡན་གྱི་འདེགས་སྐྱོར་འདོན་སྤྲོད་བྱ་དགོས། ཐེངས་འདིའི་མཉམ་ལས་ཁྲོད་ཁེ་ལས་ཀྱིས་ལས་མི་བསྡུ་བ་དང་སློབ་རས་མི་སྣ་གསོ་སྐྱོང་བྱེད་པ། སློབ་མས་ལས་གཉེར་བྱེད་ཐུབ་པ་བཅས་ཕྱོགས་གསུམ་མཉམ་རྒྱལ་གྱི་མཉམ་ལས་འཕེལ་རྒྱས་ཀྱི་གཅིག་མཐུན་ཚོགས་པ་བཙུགས་ནས་སྲིད་གཞུང་གིས་སྟེགས་བུ་བསྐྲུན་པ་དང་སློབ་གྲྭ་དང་ཁེ་ལས་ཀྱིས་གཞོག་འདེགས་བྱེད་པའི་ལས་གཉེར་བྱ་བའི་རྣམ་པ་གསར་བ་གྲུབ་པར་བྱེད་དགོས།

མི་ཕམ་མགོན་པོས་བསྒྱུར།