ཟླ6པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། མཚོ་སྔོན་ཚོང་གཉེར་ཁོར་ཡུག་གི་གཙོ་གནད་ཁྱབ་ཁོངས་ཀྱི་གསར་གཏོད་ལག་ལེན་དང་ཕན་འབྲས་མངོན་གསལ་ཅན་ཕྱོགས་ཡོངས་དང་ཡང་དག་པ། ཞིབ་ཕྲ་ཅན་བཅས་ཀྱི་སྒོ་ནས་ངོ་སྤྲོད་བྱེད་ཆེད། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་དང་། གྲོང་ཁྱེར་དང་ཁུལ་སོ་སོ་དང་མཉམ་དུ། ཉེ་ལམ། 《2025ལོའི་མཚོ་སྔོན་གྱི་ཚོང་གཉེར་ཁོར་ཡུག་སྐོར་གྱི་རྒྱབ་ཤ་སྔོན་པོའི་དེབ》ཅེས་པ་བཟོས་ནས་བཏོན།
《རྒྱབ་ཤ་སྔོན་པོའི་དེབ》ཀྱིས་སྤྱིའི་སྐར་གྲངས་དང་སྤྱིའི་གྲུབ་ཆ་གཞིར་བཟུང་ནས། མཚོ་སྔོན་གྱི་ཚོང་གཉེར་ཁོར་ཡུག་ཕྱོགས་བསྡུས་དང་ཁེ་ལས་ཀྱི་ཚེ་སྲོག་འཁོར་ཡུན་ཧྲིལ་པོའི་ཞབས་ཞུ། དངུལ་གཏོང་དང་ལས་རིགས་དར་རྒྱས་གཏོང་བའི་ས་རྒྱུ་གཤིན་པོ། ཚོང་གཉེར་ཁོར་ཡུག་བཅོས་སྒྱུར་སྲུང་སྐྱེལ། སྲིད་ཇུས་ཀྱི་ཁེ་སྤོགས་ལྷུག་གཏོང་། གསར་གཏོད་དང་སྔོན་བརྩོན་གྱི་ལག་ལེན། ཚོང་གཉེར་ཁོར་ཡུག་རྩེ་གྲ་སྐྲུན་པའི་འདུན་པ་སོགས་གནད་དོན་བདུན་གྱི་སྟེང་ནས་ཁྲོམ་རའི་འགྲན་རྩོད་གང་ལེགས་ལ་སྐུལ་འདེད་གཏོང་བ་དང་། གཉེར་སྐྱོང་རང་བདག་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་མ་གོང་ཇེ་དམའ་རུ་གཏོང་བ། ཁེ་ལས་དང་འབྲེལ་བའི་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་ཐད་ནས་མཚོ་སྔོན་གྱི་བཅོས་སྒྱུར་བྱེད་ཐབས་དང་སྤྱིའི་ཕན་འབྲས་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་པར་མ་ཟད། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི“གནས་བཞི།" ལྗང་མདོག་རྩིས་ནུས་ཀྱི་བགྲོད་ལམ་གསར་པ་སོགས་ཀྱི་ཐད་ལ་རྩིས་བཤེར་གང་ལེགས་བྱས་པ་ལས་གཞན། སྔར་ལས་རྩེ་གྲ་ཅན་གྱི་ཚོང་གཉེར་ཁོར་ཡུག་སྐྲུན་པའི་འདུན་པར་རྒྱང་ལྟ་བྱས་པ་དང་། སྤྱི་ཚོགས་ཡོངས་ཀྱི་ལས་སྐྲུན་ལ་བརྟན་བརླིང་དང་དྲང་གཞག ཁ་གསལ། སྔོན་དཔག་ཐུབ་པ་བཅས་ཀྱི་འཕེལ་རྒྱས་ཁོར་ཡུག་སྐྲུན་པའི་ཆོད་སེམས་མངོན་པར་བསྟན།
ཉེ་བའི་ལོ་དག་གི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་བྱེད་དགོས་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་ལེན་ནན་ཏན་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚོང་གཉེར་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་གཏོང་བའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ། གཉེར་སྐྱོང་རང་བདག་གི་དགོས་མཁོ་ཁྲིད་སྟོན་དུ་བཟུང་ནས། ཚད་གཞི་ཚད་བསྡུར་གྱི་མྱུར་བུལ་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་གནད་ལ་འཁེལ་བའི་ཐབས་ཇུས་ལག་བསྟར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་སྤྱིའི་ཆ་ནས་ལོ་རེར་ཇེ་ལེགས་སུ་འགྲོ་བ་དང་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བའི་རྣམ་པ་མངོན་རྒྱུར་སྐུལ་འདེད་བཏང་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།