ཏང་འཛུགས་སྣེ་ཁྲིད་དང་ལས་རྣམ་གསར་བའི་ལས་ཞུགས་ཚོགས་པའི་བྱ་བར་གཏིང་ཟབ་སྒོས་སྐུལ་འདེད་གཏོང་ཆེད་དང་། ཏང་གི་ཐུགས་ཁུར་གསར་དར་ཁྱབ་ཁོངས་སུ་བསྐྱལ་བར། ཟླ6པའི་ཚེས18ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གི་བསྐུར་སྐྱེལ་ལས་རིགས་ཀྱི་དྲོད་ལྡན་ས་ཚུགས་གསར་བའི་སྒོ་བྱང་འབེལ་བའི་མཛད་སྒོ་དེ་ལྗང་མདོག་ཐོན་ལས་གླིང་གི་བསྐུར་སྐྱེལ་འཁོར་སྲུང་ས་ཚུགས་ལྟེ་གནས་སུ་སྤེལ། རྫོང་ཡོངས་ཀྱི་བསྐུར་སྐྱེལ་ལས་རིགས་ཀྱི་མང་ཚོགས་ཀྱི་འཐུས་ཚབ་པ་མཛད་སྒོར་ཞུགས། ཡུལ་དངོས་སུ་མྱུར་སྐྱེལ་བའི་འཐུས་ཚབ་ལ་བྱང་བུ་གསར་བ་སྤྲད་ནས། ཏང་རྩ་འཛུགས་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་ལས་གཉེར་བའི་ལག་ཏུ་བསྐྱལ།
རྒྱུས་ལོན་བྱུང་བ་ལྟར་ན། དྲོད་གསར་ས་ཚིགས་སྤྱོད་མགོ་བརྩམས་པ་ནི་མདའ་བཞི་རྫོང་གི་ཏང་གི་གསར་དར་ཁྱབ་ཁོངས་ཀྱི་ཐུགས་ཁུར་དོན་འཁྱོལ་བྱས་པའི་བྱེ་བྲག་གི་བྱ་སྤྱོད་ཡིན་པ་དང་། ཁུལ་དང་རྫོང་གི་གསར་གཉིས་ལས་དོན་ཨུ་ལྷན་གྱི་ཆབ་སྲིད་སྣེ་ཁྲིད་དོན་འཁྱོལ་བྱེད་པའི་དངོས་སྒྲུབ་བྱེད་ཐབས་ཤིག་ཡིན། མྱུར་སྐྱེལ་མི་སྣར་རླུང་འགོག་པའི་རླུང་གཡོལ་གྲུ་ཁ་དང་ནུས་ཤུགས་ཁ་གསབ་བྱེད་པའི་སེམས་དྲོད་ཁྱིམ་གཞིས་བསྐྲུན་པར་མ་ཟད། ལས་ཞུགས་ཚོགས་པ་གསར་པ་དང་གཞི་རིམ་བཅོས་སྐྱོང་འབྲེལ་མཐུད་བྱེད་པའི་ཟམ་པ་ཞིག་ཏུ་གྱུར་ཡོད།མྱུར་སྐྱེལ་ཁེ་ལས་ཀྱིས་མཐུན་སྒྲིལ་མཉམ་ལས་ཀྱི་འདུ་ཤེས་ཇེ་ཆེར་གཏོང་བར་སྐུལ་འདེད་གཏོང་བ་དང་།ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ཏེ། མྱུར་སྐྱེལ་གྲོང་ཚོར་བསྐྱོད་པའི་དམངས་འཚོའི་བཟོ་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། མྱུར་སྐྱེལ་པས་དུས་ངེས་མེད་དུ་པར་ལེན་དང་དུས་ངེས་མེད་དུ་དྲིལ་བསྒྲགས་བྱས་པ་བརྒྱུད་གཞི་རིམ་བཅོས་སྐྱོང་ཁྲོད་ཞུགས་ནས་མདའ་བཞི་རྫོང་གིས་ལས་ཞུགས་ཚོགས་པ་གསར་པར་ཞབས་འདེགས་ཞུ་བའི་ལེའུ་གསར་པ་ཞིག་བརྩམས་ཡོད།
མདའ་བཞི་རྫོང་ཨུའི་སྤྱི་ཚོགས་བྱ་བའི་སྡེ་ཁག་གིས་གསར་དྲོད་ས་ཚིགས་སྤྱི་སྟེགས་བྱས་ནས། རྒྱུན་མཐུད་ངང་དོ་དམ་ཞབས་ཞུ་ཇེ་ལེགས་སུ་བཏང་སྟེ། སྤྱི་བའི་ཞབས་ཞུ་གསར་དར་ཁྱབ་ཁོངས་སུ་རྒྱུན་སྲིང་ཅན་གྱི་བྱམས་བརྩེའི་བྱ་འགུལ་སྤེལ་བ་དང་གསོ་སྦྱོང་བྱེད་ཐབས་བརྒྱུད། ས་ཚིགས་ཆུང་བའི་ཞབས་ཞུ་ཆེ་བ་གཉེར་བ་དང་། མདའ་བཞི་རྫོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་གསར་བའི་བྱས་རྗེས་འཇོག་དགོས།
ཏིང་འཛིན་མཚོ་མོས་བསྒྱུར།