མཚོ་སྔོན་གྱི་ཁེ་ལས་དྲུག་ལ2025ལོའི་ནུབ་རྒྱུད་ཁེ་ལས་གཞི་གྲངས་ཅན་འཛུགས་སྐྲུན་གྲུབ་འབྲས་ཕུལ་དུ་བྱུང་བའི་ལས་ཁུངས་ཀྱི་མཚན་སྙན་ཐོབ།
2025.06.26 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ6པའི་ཚེས25ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་ནས་རྒྱུས་ལོན་པ་ལྟར་ན། AIནུས་པ་སྤྲད་ནས། ཤེས་རབ་ཀྱིས་མ་འོངས་པ་གཏོད་ཞེས་པ་བརྗོད་གཞི་ཡིན་པའི2025ལོའི་ནུབ་རྒྱུད་ཁེ་ལས་གྲངས་རིག་འཕེལ་རྒྱས་ཚོགས་ཆེན་ཁྲིན་ཏུའུ་རུ་ཚོགས། ཚོགས་འདུའི་སྟེང2025ལོའི་ནུབ་རྒྱུད་ཁེ་ལས་གཞི་གྲངས་ཅན་འཛུགས་སྐྲུན་ལ་གྲུབ་འབྲས་ཕུལ་བྱུང་བླངས་པའི་ལས་ཁུངས་དང་། མཚོ་སྔོན་ནུབ་རྒྱུད་གཏེར་ལས་ཚོགས་པ་ཚད་ཡོད་ཀུང་ཟི། ཀྲུང་གོ་ཧ་ཡང་ལས་རིགས་མ་རྐང་ཚད་ཡོད་ཀུང་ཟི་མཚོ་སྔོན་ཡན་ལག་ཀུང་ཟི། མཚོ་སྔོན་ཞིང་ཆེན་ནུས་ཁུངས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་ཟི། ཟི་ལིང་སྤྱི་སྤྱོད་རླངས་འཁོར་ཚོགས་པའི་ཚད་ཡོད་འགན་འཁྲི་ཀུང་ཟི། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཚོད་འཛིན་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་ཟི།  མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་ཆུ་གློག་ཚད་ཡོད་འགན་འཁྲི་ཀུང་ཟིའི་གཞི་གྲངས་ཅན་འཛུགས་སྐྲུན་ཐད་མངོན་གསལ་གྱི་གྲུབ་འབྲས་མཚན་སྙན་ཐོབ་པ་དང་། རང་ཞིང་གི་ཁེ་ལས་གྱིས་གཞི་གྲངས་ཅན་འཛུགས་སྐྲུན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཉེར་སྤྱོད་རྒྱ་བསྐྱེད་དང་དོ་དམ་ཅན་གྱི་ཐད་གྲུབ་འབྲས་མངོན་གསལ་བླངས་བ་དང་། ཞིང་ཆེན་ཡོངས་ཀྱི་ཁེ་ལས་ལ་ཚད་གཞི་བཙུགས།

ནུབ་རྒྱུད་ཁེ་ལས་གྲངས་ནུས་ཅན་འཕེལ་རྒྱས་ཚོགས་ཆེན་ནི་སི་ཁྲོན་དང་ཡུན་ནན། ཀོས་ཀྲོའུ།  ཧྲན་ཞི། མཚོ་སྔོན།  ཉིན་ཞ། ཀན་སུའུ། ཞིན་ཅང་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གིས་མཉམ་དུ་གཙོ་སྒྲུབ་བྱས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན། ཞིང་ཆེན་སོ་སོའི་ཁེ་ལས་མཉམ་འདྲེས་བྱས་པའི་མ་ལག་དང་མཉམ་གཅིག་དུ་འབད་བརྩོན་བྱས་པའི་འོག།   རྒྱུན་མཐུད་ངང་ལོ་བརྒྱད་རིང་ལ་ཚོགས་ཏེ། ནུབ་རྒྱུད་ཁེ་ལས་ཆ་འཕྲིན་ཅན་དང་གྲངས་རིག་ཅན་འཕེལ་རྒྱས་ལ་སློབ་སྦྱོང་འབྲེལ་འདྲིས་མཉམ་ལས་ཀྱི་སྤྱི་སྟེགས་བསྐྲུན།

ངོ་སྤྲོད་བྱས་པར་གཞིགས་ན།  ཐེངས་འདིའི་གྲོས་ཚོགས་ལས་འདེམས་པའི་མཚོ་སྔོན་གྱི་མིང་ཐོའི་ནང་ཐོན་པའི་ཁེ་ལས་ནི་ཁེ་ལས་རང་གིས་རང་ཉིད་མཚམས་སྦྱོར་བྱས་པ་དང་།ཆེད་མཁས་པའི་ཞིབ་དཔྱད། ཚོགས་པའི་ཨུ་ཡོན་གྱིས་ཞིབ་བཤེར་གཏན་འཁེལ་བྱས་ནས་བྱུང་བ་རེད། མཚོ་སྔོན་གྱིས་ཐེངས་འདིའི་ཚོགས་འདུ་གོ་སྐབས་སུ་བྱས་ནས། ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་དག་ལ་སློབ་སྦྱོང་འབྲེལ་འདྲིས་སྤྱི་སྟེགས་བསྐྲུན་པ་དང་། ཁེ་ལས་ལ་རོགས་སྐྱོར་བྱས་ནས་མཐོང་རྒྱ་བསྐྱེད་པ། སྔོན་ཐོན་ཉམས་མྱོང་བསྡུ་ལེན་བྱེད་པ། དཔེ་སྟོན་ཕན་འབྲས་གྱིས་མཚོ་སྔོན་ཁེ་ལས་གཞི་གྲངས་ཅན་འཛུགས་སྐྲུན་གྱི་ཧུར་སེམས་རང་བཞིན་ལ་སྔར་ལས་སྐུལ་སྤེལ་བཏང་ནས། མཚོ་སྔོན་གྱི་ཁེ་གྱི་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་ཆེན་པོ་བཏོན།

ཏིང་འཛིན་མཚོ་མོས་བསྒྱུར།