ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་ཆོད་ཡིག་གིས་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ལ་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་གཏོད་རོགས་བྱས།
2025.06.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ད་ལོར། ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་ཆོད་ཡིག་བཞག་པ་དང་བསྟུན་ནས། ཡང་ན་ས་ཁོངས་ཀྱི་ཕྱོགས་ཡོངས་གྲོགས་པོའི་འབྲེལ་བའི་ཆོད་ཡིག་ལག་བསྟར་གཏིང་ཟབ་བྱས་པ་ཡིས། ས་ཁོངས་བར་གྱི་སྒོ་ཁྲལ་ཆུ་ཚད་རྒྱུད་ཆད་མེད་པར་ཇེ་དམའ་རུ་བཏང་ཞིང་། ཐོན་ལས་རྒྱུན་ཐག་དེ་དང་འབྲེལ་ནས་སྔར་བས་ཇེ་དམ་དུ་གྱུར་ནས། སྲིད་ཇུས་ཀྱི་ཁེ་སྤོགས་ཀྱིས་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ལ་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་བསྐྲུན་རྒྱུར་རོགས་རམ་བྱས།

གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་དུ།  ཀྲུང་གོ་དང་ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་ཆོད་ཡིག་གི་ཁོངས་ཞུགས་རྒྱལ་ཁབ་ཀྱི་དངོས་ཟོག་ཉོ་ཚོང་བསྡོམས་འབོར་དམངས་སྒོར་ཁྲག་ཆེན་ལྔ་ཁྲག་ཁྲིག་ལྔ་ལ་སླེབས་ནས། ན་ནིང་གི་དུས་མཉམ་ལས3.9%འཕར་བ་དེ། རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་སྤྱིའི་འཕར་ཚད་ཀྱི་བརྒྱ་ཆའི་གྲངས་གནས་གཅིག་དང་གྲངས་ཆུང་བཞི་ལས་མཐོ།

ཀྲུང་དབྱང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པ་ཀྲང་ཡན་གྱིས་བཤད་རྒྱུར། ངའི་རྒྱབ་ཀྱི་ཟོག་འདྲེན་གྲུ་གཟིངས་འདིས་མི་འགྱངས་བར་སྒམ3000ལྷག་གི་རྣོ་ལྕགས་དང་འཕྲུལ་ཆས་སོགས་ཀྱི་ཐོན་རྫསRCEPརྒྱལ་ཁབ་ལ་སྐྱེལ་རྒྱུ་རེད། ལས་བྱེད་མི་སྣས་ང་ལ་བཤད་རྒྱུར། ཉིན་རེར་ཆ་སྙོམས་སྒོས་ཟོག་འདྲེན་གྲུ་གཟིངས20འདིའི་གྲུ་ཁ་ནས་ལམ་ལ་ཆས་ཏེ། RCEPརྒྱལ་ཁབ་ཀྱི་ཕྱོགས་སུ་སྐྱོད་བཞིན་ཡོད་ཡོད་ཟེར།

རྒྱུན་ཆད་མེད་པར་ཇེ་དམ་དུ་གཏོང་བཞིན་པའི་གྲུ་ཁའི་གྲུ་ལམ་དང་ལྕགས་ལམ་གྱི་མེ་འཁོར། གཞུང་ལམ་ཟོག་འདྲེན་སོགསRCEPས་ཁོངས་ཀྱི་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བཞིན་ཡོད།

མིག་སྔར་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཤིང་ཏོག་ཐོན་སྐྱེད་ཀྱི་མཐོ་རིམ་དུས་སུ་སླེབས་ཡོད་ལ། མཁྲེགས་གཏོར་སྟབས་བདེ་བའི་སྲིད་ཇུས་ཀྱི་དབང་གིས་ཞིམ་མངར་ལྡན་ལ་སྤུས་ཀ་ལེགས་པའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཤིང་ཏོག་ཀོང་ཞི་ནས་ནང་འདྲེན་བྱས་རྗེས། མྱུར་ཚད་སྔར་ལས་མགྱོགས་པོའི་སྒོ་ནས་རྒྱལ་ནང་འཛད་སྤྱོད་མཁན་གྱི་ཟས་ཅོག་སྟེང་སྐྱེལ་བཞིན་ཡོད། ད་ལོར།  ཀྲུང་གོ་དང་ལའོ་ཝའོ། ཐེ་གོ་བཅས་ཀྱི་སྐྱེལ་འདྲེན་མེ་འཁོར་རྒྱུན་ལྡན་ངང་ཤར་གཏོང་ཐུབ་ཡོད་པ་དང་། མེ་འཁོར་ཁྲུང་ཆིང་ནས་ལམ་ལ་ཆས་ཏེ་ཡུན་ནན་མོ་ཧན་འགག་སྒོ་དང་ལའོ་ཝའོ་རྒྱལ་ཁབ་ཀྱི་ཝན་ཞང་བརྒྱུད་དེ།  ཐེ་གོའི་ལའོ་ཡུང་དུ་བསྐྱོད་བཞིན་ཡོད་ལ། ལམ་ཧྲིལ་པོའི་འབབ་ཚུགས་བར་གྱི་འཁོར་སྐྱོད་དུས་ཚོད་དེ་སྔའི་ཉིན8ནས་ཉིན5བར་ཇེ་ཐུང་དུ་སོང་ནས། ཟོང་འགྲུལ་གྱི་སྤྱིའི་འགྲོ་གྲོན་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་བཅོ་ལྔ་ཇེ་ཉུང་དུ་སོང་ཡོད།

ཁྲང་ཨན་རླངས་འཁོར་ཟོང་འགྲུལ་ལྟེ་གནས་ཀྱི་སྤྱིའི་འགན་འཁུར་བ་ཁྲིན་ཝའེ་ཅེ་ཡིས་བཤད་རྒྱུར། ད་ལྟ་ཨེ་ཤ་ཡ་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ལ་ཕྱིར་གཏོང་བྱེད་པའི་ཚོང་ཟོག ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པ་གཙོ་བྱས་ནས་གཞུང་ལམ་དང་ལྕགས་ལམ། ལྕགས་ལམ་དང་མཚོ་ཐོག་མཉམ་འདྲེན་སོགས་ཟོང་འགྲུལ་ཇུས་གཞི་སྣ་ཚོགས་བདམས་ནས་ང་ཚོའི་ཁེ་ལས་ལ་མ་རྩ་དང་ལས་ཆོད། ཁྲོམ་ར་བཅས་རྒྱ་ཆེར་གཏོང་བའི་ཕྱོགས་མང་པོའི་ལེགས་ཆ་མཁོ་འདོན་བྱས་ཡོད།

RCEPཡི་ཁོངས་ཞུགས་རྒྱལ་ཁབ་ཁག་གིས་བརྟན་བརླིང་དང་ཕན་འབྲས་ཆེ་བ། སྟབས་བདེ་ཅན་བཅས་ཀྱི་ཉོ་ཚོང་འགྲོ་འོང་ཁྲོད། ལེགས་ཆ་གསབ་རེས་ཀྱི་མཉམ་ལས་གོ་སྐབས་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས། ཕྱི་ཕྱོགས་ཉོ་ཚོང་གི་འཁལ་འཐག་ཁེ་ལས་འདི་རུ། འཕྲུལ་འཁོར་མང་པོས་མངགས་ཐོ་བཟོ་བཞིན་ཡོད། RCEPཡི་ཁྲལ་གཅོག་ཚད་ལོ་རེ་བཞིན་ཆེ་རུ་སོང་བར་བསྟུན་ནས། ཁེ་ལས་ཀྱིRCEPརྒྱལ་ཁབ་ལ་ཕྱིར་གཏོང་བྱེད་ཚད་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད།

ཀྲུང་ཏི་ཕྱིར་གཏོང་ནང་འདྲེན་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་ཝང་ཞན་ཁོན་གྱིས་བཤད་རྒྱུར། RCEPཡི་སྒོ་ཁྲལ་གྱི་ཁྲལ་ཚད་སྔར་ལས་ཇེ་ཉུང་དུ་བཏང་ལ། དུས་མཚུངས་སུ་ཧེ་བག་ཅན་གྱི་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱས་པའི་དབང་གིས། འགྲན་རྩོད་བྱེད་ནུས་སྔར་ལས་ཆེ་རུ་ཕྱིན་ཡོད། ཟླ5པར་ཁེ་ལས་ཀྱིས་མངགས་ཐོ་དང་ལེན་བྱེད་ཚད10%འཕར་ཡོད།

RCEPནི་འཛམ་གླིང་གི་ཆེས་ཆེ་བའི་རང་མོས་ཉོ་ཚོང་ཆོད་ཡིག་ཅིག་ཡིན་ལ། དེའི་ཁྲོད་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ། འཇར་པན། ཧན་གོ  ནེའུ་ཙི་ལན། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བཅས་རྒྱལ་ཁབ10ཚུད་ཡོད། ད་ལོ་ནིRCEPདངོས་སུ་ནུས་པ་ཐོན་ནས་ལག་བསྟར་བྱས་པའི་ལོ་བཞི་པ་རེད། ཆོད་ཡིག་ལྟར་ན། ཁོངས་ཞུགས་རྒྱལ་ཁབ15ཡིས་ལས་རིགས་མི་འདྲ་བ་དང་ཚོང་ཟོག་མི་འདྲ་བར་དམིགས་ནས་མུ་མཐུད་དུ་སྒོ་ཁྲལ་ཇེ་ཉུང་དུ་གཏོང་རྒྱུ་རེད།